འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་24ཉིན།

༄༅།།བོད་ལྗོངས་ཀྱི་ས་ཆ་འདི་དག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་24ཉིན། 14:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཚེས་26ཉིན་ནས་ཟླ་3ཚེས་1ཉིན་བར། བོད་རང་ལྗོངས་ལྷོ་ནུབ་ཁུལ་དུ་ཁ་བ་ཅུང་དྲག་པོ་འབབ་རྒྱུ་དང་། ཚེས་26ཉིན་གྱི་རྗེས་སུ་དྲོད་ཚད་འཕར་ཁུལ་མང་ཆེ་བར་ས་ཁོངས་རང་བཞིན་གྱི་རླུང་ཤུགས་ཆེ་རུ་འགྲོ། གནམ་གཤིས་ཀྱི་འཕེལ་ཕྱོགས་ཁ་བ་དྲག་པོ་འབབ་རྒྱུའི་སྔོན་བརྡ་བཏང་བ་ལྟར་ན།

   ཟླ་2ཚེས་26ཉིན་ནས་ཚེས་27ཉིན་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་ཁ་བ་ཆུང་བ་འབབ་རྒྱུ་དང་ས་གནས་ཁ་ཤས་སུ་ཁ་བ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ། ཟླ་2ཚེས་28ཉིན་ནས་ཟླ་3ཚེས་1ཉིན་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་ཁ་བ་ཆུང་བ་ནས་འབྲིང་བར་འབར་རྒྱུ། དེའི་ནང་རྩྭ་མདའ་དང་། སྤུ་ཧྲེང་། སྐྱིད་གྲོང་། གཉའ་ལམ་བཅས་རྒྱུད་ཀྱི་གྲོང་རྡལ་ཁག་གཅིག་ཏུ་ཁ་བ་ཆེན་པོ་ནས་ཁ་བ་དྲག་པོ་འབབ་(ཧའོ་སྨི་7ནས་25བར་)རྒྱུ་རེད།