འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་17ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུཌ་མ་འདྲེན་གྱི་སྐྱེ་ཁམས་ཁོར་ཡུག་གི་ཞབས་ཞུ་
འགན་ལེན་མུ་མཐུད་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་17ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི《ཚོང་འགུགས་མ་འདྲེན་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་བྱེད་ཐབས་འགའ》ཡི་སྲིད་ཇུས་གསལ་འགྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་ཚོང་འགུགས་མ་འདྲེན་ལས་དོན་ཁྲོད་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྔོན་ལ་ཞུགས་འཐུས། ཞབས་ཞུ་སྔོན་སྒྲུབ་བཅས་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མ་ལག་འཛུགས་པ། ས་ཁོངས་སྐྱེ་ཁམས་ཁོར་ཡུག་ཞུགས་འཐུས་ཀྱི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ནས། ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་མཐའ་ཚད་གསལ་པོ་བཟོས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་གི་ཞབས་ཞུ་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྲིད་ཇུས་ཡིག་ཆ་བཟོས་ནས་བཏོན་ཏེ། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ལས་དོན་སྒྲུབ་ལུགས་ལེགས་སུ་བཏང་ཡོད། སྦགས་བཙོག་ཉུང་གཏོང་འདུ་འགོད་འཆར་འགོད་དང་ལག་བསྟར་ཧུར་ཐག་བྱས་ཏེ། གཙོ་གནད་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་སྦགས་བཙོག་དངོས་པོའི་སྤྱིའི་འབུད་གཏོང་གི་དམིགས་ཚད་དགོས་མཁོ་སྔོན་ལ་འགན་ལེན་བྱས་ཏེ། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གང་མགྱོགས་ལག་བསྟར་བྱེད་པར་ཞབས་འདེགས་ཞུས་ཡོད། གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་ཡག་པོ་སྲུང་པ་དང་ཆབས་ཅིག་ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་མ་འདྲེན་གྱི་སྐྱེ་ཁམས་ཁོར་ཡུག་གི་ཞབས་ཞུ་འགན་ལེན་མུ་མཐུད་ལེགས་སུ་བཏང་ནས། སྐྱེ་ཁམས་ཀྱི“ལྗང་མདོག་འདུས་ཚད”ལ་བརྟེན་ནས་འཕེལ་རྒྱས་ཀྱི་རིན་ཐང་མཐོ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་སྔར་བས་ལེགས་པར་ཞུ་རྒྱུ་རེད།

    སྐྱེ་ཁམས་ཁོར་ཡུག་ཞུགས་འཐུས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པའི་ཐད་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། གཙོ་གནད་རྣམ་གྲངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞབས་ཞུའི་རྩིས་ཁྲ་བཟོ་བ། སྔོན་ནས་རྣམ་གྲངས་ཀྱི་དུས་འགོར་ཐེ་ཞུགས། ཁེ་ལས་ལ་སྲིད་ཇུས་ཁྱབ་བསྒྲགས་དང་། བླང་བྱ་ཁ་གསལ་འདོན་པ། གྲོས་འགོ་འདོན་པ་བཅས་བྱེད་པ། རྣམ་གྲངས་ཞུགས་འཐུས་དང་། ས་ཆ་འདེམས་པ། ཁོར་ཡུག་གི་ཤོང་ཚད་དང་ཚོར་སྣང་སྐྱེན་པའི་དམིགས་ཚད་ལས་གཡོལ་བ་སོགས་འགག་རྩའི་གནད་དོན་ཐག་གཅོད་བྱས་ཏེ། རྣམ་གྲངས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། སྲིད་ཇུས། འཆར་འགོད་སོགས་ཞུགས་འཐུས་ཀྱི་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྱི་ཞབས་ཞུ་ལེགས་པར་བསྒྲུབས་ཡོད།

    སྦགས་བཙོག་དངོས་པོ་འབུད་གཏོང་གི་དམིགས་ཚད་འགན་ལེན་གང་ལེགས་བྱེད་པའི་ཐད་ཨར་འདམ་དང་སྲེག་གྱུར་སོགས་གཙོ་གནད་ཁེ་ལས་ཀྱི་འབུད་ཚད་ཧ་ཅང་དམའ་བར་སྒྱུར་བཀོད་ལག་བསྟར་བྱེད་པར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་རྗེས་ལུས་ཀྱི་ཐོན་ནུས་མེད་པར་བཟོ་བ་དང་། ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་བཙོག་འབུད་ཉུང་གཏོང་གི་འདུ་འགོད་འཆར་འགོད་བྱེད་པ་དང་སྦགས་བཙོག་དངོས་པོ་འབུད་ཚད་སྔར་བས་ཉུང་དུ་བཏང་ནས། ས་ཁོངས་འཕེལ་རྒྱས་ལ་སྦགས་བཙོག་དངོས་པོ་འབུད་གཏོང་གི་བར་མཐོངས་ཡོད་པ་དང་། ཁོར་ཡུག་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ནུས་ཆེ་ལ་སྐུལ་འདེད་བཏང་ནས། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་སྦགས་བཙོག་དངོས་པོ་འབུད་གཏོང་བསྡོམས་འབོར་གྱི་དམིགས་ཚད་དགོས་མཁོར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།