འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཁྲོམ་རར་ཡོང་འབབ་སྒོར་དུང་ཕྱུར་30.21བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་11ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཞིང་ཆེན་ཡོངས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུ་དང་། དམངས་ཕན་རིག་རྩལ་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་དང་འགྲེམས་སྟོན། རིག་གནས་རོལ་རྩེད་ཉམས་ལེན། ཡུལ་སྐོར་སྤྲོ་གསེང་འཛད་སྤྱོད། རིག་གནས་ཐོན་རྫས་འགྲེམས་སྟོན། ཕྱི་ཕྱོགས་རིག་གནས་སྤེལ་རེས་བཅས་བྱེད་སྒོ་ཆེ་གྲས་ཁག་7དང་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་ཁག་22བཏོན་པ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་འཁོར་སྐྱོད་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོད་པས། ཡུལ་སྐོར་དང་འབྲེལ་བའི་བདེ་འཇགས་ཀྱི་དོན་རྐྱེན་ཐོན་མེད། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་226.41ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་30.21བྱུང་བ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ཚོད་རྩིས་བྱས་ན་4.05%དང་3.1%སོ་སོར་འཕར་ཡོད། ཚོགས་མཆོད་ལ་ལྟ་བ་དང་། ཚོང་འདུས་ཆེན་པོ་སྐོར་བ། མངོན་མིན་རིག་གནས་ཤུལ་བཞག་ལ་ལྟ་སྐོར་བྱེད་པ་སོགས་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་པ་དེ་གུང་གསེང་སྐབས་ཀྱི་་མང་ཚོཌ་ཀྱི་གདམ་ག་ཨང་དང་པོར་གྱུར་ཡོད།

    དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཞིང་ཆེན་ཡོངས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུ་དང་། དམངས་ཕན་རིག་རྩལ་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་དང་འགྲེམས་སྟོན། རིག་གནས་རོལ་རྩེད་ཉམས་ལེན། ཡུལ་སྐོར་སྤྲོ་གསེང་འཛད་སྤྱོད། རིག་གནས་ཐོན་རྫས་འགྲེམས་སྟོན། ཕྱི་ཕྱོགས་རིག་གནས་སྤེལ་རེས་བཅས་བྱེད་སྒོ་ཆེ་གྲས་ཁག་7དང་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་ཁག་22བཏོན་ཏེ། “སྲོལ་རྒྱུན་དང་གསར་གཏོད”ཟུང་འབྲེལ་དང“དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་དུས་ཆེན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་ཡོད་པ་རེད། ཀུན་གྱིས་དོ་སྣང་བྱེད་པའི་མཛེས་ལྗོངས་ཁུལ(ས་ཚིགས)དུ་འགྲུལ་རྒྱུན་སྔར་བཞིན་མང་པོ་ཡོད་དེ། མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་གཞོང་ཐང་ས་ཚུགས། ཧོ་ཧོང་དམངས་སྲོལ་རིག་གནས་ཉམས་ལེན་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་9.59ལ་སྣེ་ལེན་ཞུས་པ་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་ཕ་ས་གླིང་ཡུལ་སྐོར་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5.34ལ་སྣེ་ལེན་ཞུས་པ། སྐུ་འབུམ་བྱམས་པ་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་5.18ལ་སྣེ་ལེན་ཞུས་པ་རེད།

     ཞིང་ཆེན་ཡོངས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོར་དམིགས་ཏེ། དྲ་ཐོག་དང་དྲ་ཕྱི་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ཐེངས་97སྤེལ་བར་མང་ཚོགས་མི་ཐེངས་ཁྲི་273ལ་ཕན་པ་ཐོབ་ཡོད་པ་དང་། འགྲེམས་སྟོན་དང་འཁྲབ་སྟོན་བྱེད་སྟངས་གསར་གཏོད་བྱས་ནས་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་པའི་བྱེད་སྒོ་ཐེངས་62ཇུས་འགོད་ཞིབ་ཚཌ་བྱས་ཏེ། མི་རིགས་ཁག་གི་མང་ཚོཌ་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་དང་རྫོགས་མཐའ་མེད་པའི་ཡིད་དབང་འཕྲོག་ཤུཌ་དངོས་སུ་ཉམས་ལེན་ཐུབ་པར་བྱས་ཡོད། ལུའུ་ཧྲར་གྱི་ཤིང་རྐང་རིང་པོའི་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཐོབ་པ་དང་སྐུ་འབུམ་ཆན་ཧུའེ་དབྱིང་གི་མཐོ་འཛེགས་འཁྲབ་སྟོན་ལ་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འགྲེམས་སྟོན་དེ་ཉིད་དཔྱིད་གསར་དུས་ཆེན་རིང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི“གཙོ་ཤུགས་དམག”ལ་གྱུར་ཡོད།