འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།མཚོ་སྔོན་མཚོ་ནུབ་ཀྱིས་སྤུས་ཚད་དང་ཆུ་ཚད་སྔར་ལས་ མཐོ་བའི་མཛེས་ལྗོངས་ཁུལ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་11ཉིན། 10:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་ཡོད་པའི་ཚྭ་མཚོ་གཡུ་ཡི་མེ་ལོང་མཛེས་ལྗོངས་ཁུལ་དུ་གནམ་གཤིས་གྲང་ངར་ཆེ་ཡང་། མཚོ་འགྲམ་དུ་དྲན་རྟེན་པར་རྒྱག་མཁན་ཡུལ་སྐོར་བ་མི་ཉུང་བ་ཞིག་ཡོད་པ་རེད། ཚྭ་མཚོའི་ལས་དོན་པས“དགུན་ཁར་ལྷགས་པ་ཅུང་ཆུང་བས་ཡུལ་སྐོར་བས་ཚྭ་མཚོའི་མཛེས་སྡུག་ལ་ཅི་དགར་མྱོང་རོལ་བྱེད་ཐུབ”ཅེས་ངོ་སྤྲོད་བྱས་པ་རེད། ཚྭ་ཁའི་ཚྭ་མཚོ་ནི་མཚོ་སྔོན་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་ལྟ་བུ་ཞིག་རེད། ལོ་འདི་གཉིས་ནང་མཛེས་ལྗོངས་ཁུལ་རྒྱུན་མཐུད་རིམ་སྤོར་བྱས་པས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཟད། ཡུལ་སྐོར་བའི་ཉམས་ལེན་ཡང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    གསར་འགོད་པར་མཚོ་ནུབ་ཀྲོའུ་རིག་གནས་ལུས་རྩལ་་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར་མཚོ་ནུབ་ཀྲོའུ་ཡིས། ཀྲུང་དབྱང་གིས་ས་གནས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དང་། རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩས་ས་གནས་ཀྱི་རྣམ་གྲངས་ལ་ཁ་གསབ་རོགས་སྐྱོར་བྱེད་པའི་མ་དངུལ་སོགས་སྒོར་ཁྲི་2580.02བཏང་ནས་གཞི་རིམ་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དང་། རིག་ལྡན་རིག་གནས་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཚོང་ལས་ཁྲོམ་གཞུང་འཛུགས་སྐྲུན་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་རྣམ་གྲངས་ལག་ལེན་བསྟར་བས། ཀྲོའུ་ཡོངས་ཀྱི་ཡུལ་སྐོར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་པ་རེད།

    མཚོ་ནུབ་ཀྲོའུ་ཡིས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་ཆུ་ཚད་མཐོ་པོས་སྐུལ་འདེད་རྒྱུན་མཐུད་བཏང་ཞིང་། 2024ལོར་A3རིམ་པའི་མཛེས་ལྗོངས་ཁུལ་1རེ་ཞུ་བདེ་བླག་བྱུང་ཁར། བྲག་དམར་སྐར་མ་མིག་དམར་ས་དབྱིབས་དང་ཚྭ་འདམ་འདས་དོན་མཛེས་ལྗོངས་ཁུལ་2བཏོད་དེ་ཡུལ་སྐོར་བ་མི་ཐེངས་ཁྲི་15ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། དེ་དང་ཆབས་ཅིག བྱེ་ཐང་མཚོ་བརྒྱ་མ་དང་བྲག་དམར་སྐར་མ་མིག་དམར་ས་དབྱིབས་མཛེས་ལྗོངས་ཁུལ་སོགས་རིག་གནས་ཡུལ་སྐོར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་12ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་4.49བཏང་བ་རེད།

     འདི་ལོར་མཚོ་ནུབ་ཀྲོའུ་ཡིས་ཚྭ་ཁའི་ཚྭ་མཚོ་དང་ཆུ་ཐོག་ཡ་ཏན་A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། ད་ཡོད་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་དང་གསར་དུ་རེ་ཞུ་བྱས་པའི་Aརིམ་པའི་མཛེས་ལྗོངས་ཁུལ་19ཡི་རིམ་སྤོར་ལས་དོན་གཙོ་གནད་ཐོག་ལག་ལེན་བསྟར་ནས་ཁུ་ནུ་གྲོག་རོང་ཆེན་པོ་སོགས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་གཏོང་གི་ཆེད་དོན་བྱ་སྤྱོད་དང་། འགྲོ་ལམ་འགྲིམ་འགྲུལ་ལམ་རྒྱུད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་བཅོས་སྒྲིག་ལེགས་གཏོང་གི་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་ནས་འགྲོ་ལམ་འགྲིམ་འགྲུལ་ལམ་རྒྱུད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཁག་ཐེངས་གཉིས་ལ་ཕྱེ་ནས་གསང་སྤྱོད་43བསྐྲུན་རྒྱུ། ཡུལ་སྐོར་དང་འབྲེལ་བའི་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཉེར་མི་སྣའི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། དེ་དང་ཆབས་ཅིག མཚོ་སྐྱོར་མ་དངུལ་བེད་སྤྱོད་གང་ལེགས་ཀྱིས་རིག་ལྡན་རིག་གནས་ཡུལ་སྐོར་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ནས་ཡུལ་སྐོར་ཁྲོམ་ར་བློ་རིག་ཅན་དང་། ཡིད་རྟོན་ཅན། བདེ་འཇགས་ཅན་བཅས་སུ་ཕྱོགས་སྒྱུར་རིམ་སྤོར་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།