འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།རྨ་ཆུའི་འགྲམ་གྱི་མདའ་འཕེན་འདུ་ཚོགས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུའེ་ཧྲན། ལི་ལིན་ཧའེ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་10ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ● ཉེ་བའི་ལོ་ལྔ་དྲུག་རིང་ཁོང་གིས་ཁོམ་པ་ཡོད་རིམ་བཞིན་འདི་གར་ཡོང་ནས་གྲོགས་པོ་དང་མཉམ་དུ་མདའ་འཕེན་གྱི་རྩལ་སྦྱངས་ནས་སྡོད་ཀྱི་ཡོད། སྲོལ་རྒྱུན་གྱི་གླང་རྭའི་གཞུ་དང་དེང་རབས་ཀྱི་ལྡོག་འཁྱོག་གཞུ་ཚང་མ་འཕེན་མཁས་པོ་ཡོད། ཧྲི་ཧའེ་ཀྲུའུ་ཡི་གཞུ་དང་མདར་བལྟས་པ་ཙམ་གྱིས་རྒྱུ་སྤུས་ཧ་ཅང་ཡག་པོ་ཡོད། “གཞུ་ཁོ་ནར་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་པ་དང་མདའ་དེ་དག་ཚང་མ་ཐཱན་རྒྱུ་ཡིན་པས་རྐང་གཅིག་ལ་སྒོར་80ལྷག་ཙམ་བྱེད་ཀྱི་ཡོད་པས། ལོ་གཅིག་ལ་ཧ་ལམ་སྒོར་1000ལྷག་ཙམ་འགྲོ་ཡི་ཡོད”ཁོང་གིས་ད་དུང་རྒྱང་རིང་གི་འབེན་ལ་མཛུབ་མོ་བཙུགས་ནས“འབེན་དེར་སྒོར་800ལྷག་ཙམ་རེད”ཅེས་བཤད།

    དགུང་ཟས་བཟས་རྗེས་ལོ་46ལ་སླེབས་པའི་ཧྲི་ཧའེ་ཀྲུའུ་ཡིས་བྲེལ་འཚུབ་ངང་བཟའ་ཟླ་དང་ཚ་བོ་ཆུང་ཆུང་དང་ཁ་གྱེས་རྗེས་རྨ་ཆུའི་འགྲམ་གྱི་ས་སྟོང་ཞིག་ཏུ་སོང་ནས་མདའ་མོ་སྟོང་ཁར་སྤྲས་ཏེ་འཕེན་རྩིས་བྱས། དེ་ནི་ཉིན་གཅིག་ནང་ཁོང་གི་དགའ་ཤོས་ཀྱི་དུས་ཚོད་རེད།

     ཧྲི་ཧའེ་ཀྲུའུ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུད་རིགས་རང་སྐྱོང་རྫོང་ནས་ཡིན་ཞིང་། ཉེ་བའི་ལོ་ལྔ་དྲུག་རིང་། ཁོང་གིས་ཁོམ་པ་ཡོད་རིམ་བཞིན་འདི་གར་ཡོང་ནས་གྲོགས་པོ་དང་མཉམ་དུ་མདའ་འཕེན་ནས་སྡོད་ཀྱི་ཡོད། སྲོལ་རྒྱུན་གྱི་གླང་རྭའི་གཞུ་དང་དེང་རབས་ཀྱི་ལྡོག་འཁྱོག་གཞུ་ཚང་མ་འཕེན་མཁས་པོ་ཡོད། ཧྲི་ཧའེ་ཀྲུའུ་ཡི་གཞུ་དང་མདར་བལྟས་པ་ཙམ་གྱིས་རྒྱུ་སྤུས་ཧ་ཅང་ཡག་པོ་ཡོད། “གཞུ་ཁོ་ནར་སྒོར་ཁྲི་གཅིག་ལྷག་ཙམ་ཡིན་པ་དང་མདའ་དེ་དག་ཚང་མ་ཐཱན་རྒྱུ་ཡིན་པས་རྐང་གཅིག་ལ་སྒོར་80ལྷག་ཙམ་བྱེད་ཀྱི་ཡོད་པས། ལོ་གཅིག་ལ་ཧ་ལམ་སྒོར་1000ལྷག་ཙམ་འགྲོ་གི་ཡོད”ཁོང་གིས་ད་དུང་རྒྱང་རིང་གི་འབེན་ལ་མཛུབ་མོ་འཛུགས་བཞིན“འབེན་དེར་སྒོར་800ལྷག་ཙམ་རེད”ཅེས་བཤད།

    སྒྲིག་ཆས་ཆེད་ལས་དང་བསྡུར་ན་མདའ་འཕེན་ར་བ་ཅུང་སྟབས་བདེ་ཙམ་ཡོད་པ་སྟེ། དེ་ནི་ས་སེར་ཐང་གཤོངས་ཡིན་པ་དང་དེའི་འགྲམ་དུ་ཅོག་ཙེ་གཅིག་དང་། ཧྲ་ཧྥ་ཆ་ཚང་གཅིག ཆ་སྒམ་གཅིག ཐབ་སྣོད་གཅིག རྐུབ་སྟེགས་རིང་གྲས་འགའ་བཅས་ཡོད་པ་དེ་དག་ཚང་མ་རྙིང་པ་རེད། “འདི་དག་ཚང་མ་མཐུན་ཚོགས་ཀྱི་གྲོགས་པོ་ཚོས་རང་ཁྱིམ་ནས་འཁྱེར་ཡོང་བ་ཤ་སྟག་རེད”ས་སྟེང་དུ་ཤོག་སྦག་བླུགས་ས་ཞིག་བཞག་ཡོད་པ་དེ་མདའ་བླུགས་ས་རེད།

    ང་ཚོའི་མདའ་འཕེན་མཐུན་ཚོགས་དེར་མི་70ལྷག་ཙམ་ཡོད། “ང་ཚོས་དུས་རྒྱུན་རུ་ཁག་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་བྱེད་པ་མ་ཟད། གྲོང་ཚོ་གཞན་དང་མཛའ་གྲོགས་འགྲན་བསྡུར་ཡང་བྱེད་ཀྱི་ཡོད། སུ་ཕམ་ཡང་་འདིར་ཤ་བཙོ་འཇུག་གི་ཡོད”

    ཧྲི་ཧའེ་ཀྲུའུ་ཡིས་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ད་ལྟའི་ཆ་རྐྱེན་ཆུང་བྱིས་པའི་དུས་ཀྱི“སྨྱུག་མས་བཟོས་པའི་གཞུ་དང་གཟེར་དང་ལྕགས་སྐུད་ཀྱིས་བཟོས་པའི་མདའ་རྩེ”དང་བསྡུར་ན་ཧ་ཅང་ཡག་པོ་ཡིན་པས་རེད། ཕྱིར་གླ་པ་རྒྱུག་པའི་ལོ་མང་རིང་ཧྲི་ཧའེ་ཀྲུའུ་ཡིས་སྐྱེལ་འདྲེན་ལས་ལ་གཞོལ་མྱོང་བ་མ་ཟད། ད་དུང་ཚལ་ཚོང་ཁང་དང་ཟ་ཁང་ཡང་གཉེར་མྱོང་ཡོད། མ་གཞི་མདའ་འཕེན་པར་འགྲོ་སོང་མི་ཉུང་བ་ཞིག་གཏོང་དགོས་ཀྱང་རང་ཉིད་དགའ་པོ་ཡོད་པའི་དབང་གིས་འཕང་སེམས་གཏན་ནས་བྱེད་ཀྱི་མེད།

    དགུན་དུས་ཀྱི་བ་ཡན་དུས་རྒྱུན་ལས་ཀྱང་འཁྲུག་ཆ་དོད། གང་སར་མདའ་འཕེན་མཁན་མཐོང་རྒྱུ་ཡོད། རྨ་ཆུ་བརྒྱུད་ནས་མུ་མཐུད་རྒྱང་རིང་སར་བསྐྱོད་རྗེས་མཚེ་མགུར་གྲོང་རྡལ་རི་ལན་གྲོང་ཚོར་སླེབས། ལོ་57ལ་སླེབས་པའི་བསྟན་འཛིན་གྱིས“མདའ་རྒྱལ”མཚོན་བྱེད་ཀྱི་ཞྭ་མོ་གྱོན་ཡོད་པས་མི་ཚོགས་ཁྲོད་ཧ་ཅང་མངོན་གསལ་དོད། ཁོང་སྔོན་མ་རི་ལན་གྲོང་ཚོའི་ཚུན་ཀྲང་ཡིན་ལ། བ་ཡན་རྫོང་ཝ་ཡན་པ་མདའ་འཕེན་མཐུན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་ཀྱང་ཡིན།

    རི་ལན་གྲོང་ཚོའི་ཡུལ་མི་མང་ཆེ་བ་ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་ཅིང་། དེ་གར་དགུན་གྲོ་དང་། ཤིས་ཀྭ དགུན་ལི་སོགས་མང་པོ་ཐོན་གྱི་ཡོད། དགུན་ཁ་ཕྱིར་ལས་ཀར་འགྲོ་མཁན་གཞོན་ནུ་ཚང་མ་ལོག་ཡོང་གི་ཡོད་པས་ཚང་མས་རྟག་ཏུ་མེ་ཕུང་སྤོར་བ་དང་མདའ་འཕེན་འགྲན་བསྡུར་བྱེད་ཀྱི་ཡོད། ད་དུང་སྤྲོ་བ་འཕེལ་དུས་ཆང་གཞས་གཏོང་བ་དང་སྒོར་གཞས་འཁྲབ་ཀྱི་ཡོད། དེའི་ཕྱིར་མཐུན་ཚོགས་ཀྱིས་སྒོར་སྟོང་ཕྲག་ཁ་ཤས་བསྡུ་ཆ་བརྒྱབ་ནས་ཆེད་མངགས་མདའ་འཕེན་ར་བར་ནུས་རྒྱུའི་གློག་སྒྲོན་བསྒར་ཡོད།

    མེ་ཕུང་གི་འགྲམ་དུ་ག་དུས་ས་ཞིང་འདེབས་རན་ནམ། ག་དུས་ཆུ་གཏོང་དགོས་སམ། ད་ལོ་རྫས་ལུད་ཉོ་བར་དངུལ་བུན་ཇི་ལྟར་ལེན་དགོས་སམ་སོགས་ཐད་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་ཀྱི་ཡོད། མདའ་འཕེན་གྱི་འདུ་འཛོམས་རེ་རེ་དང་གཞས་དང་ཞབས་བྲོ་རེའི་བར་མི་རིགས་ཁག་གི་མི་དམངས་དང་གྲོང་ཚོ་ཁག་གི་མི་སེར་དབར་ཕན་ཚུན་རྒྱུས་མངའ་རིམ་བཞིན་ཟབ་ཏུ་སོང་བ་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་མདའ་འཕེན་བརྗོད་དོན་གཙོ་བོར་བྱས་པའི་འདུ་ཚོགས་རེ་རེ་ལས་མི་དང་མིའི་བར་གྱི་བརྩེ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།

    “ད་ལྟ་འཚོ་བ་ཡག་ཏུ་ཕྱིན་པ་དང་འགྲིམ་འགྲུལ་ཡང་སྟབས་བདེ་རུ་སོང་བས། ང་ཚོ་རྟག་ཏུ་ས་གནས་ཁག་ཏུ་སྤེལ་རེས་དང་འགྲན་བསྡུར་བྱེད་པར་འགྲོ་གི་ཡོད། ན་ནིང་ཟླ་6པར་ང་ཚོས་ད་དུང་ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་ནུབ་བྱང་འགྲན་ཁུལ་གྱི་མདའ་འཕེན་འགྲན་བསྡུར་ལ་ཞུགས་པ་ཡིན”ཞེས་བསྟན་འཛིན་གྱིས་བཤད།