འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་27ཉིན།

༄༅།།ལོ་88ཟིན་ལ་ཉེ་བའི་ཚེ་བརྟན་སྒྲོལ་མ་ལྷ་སའི་ཡན་ལག་ཚོགས་རར་བསྐྱར་དུ་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་27ཉིན། 09:25】  ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་1ཚེས་22ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ཀྱི་ནང་སྦྱོང་ཐེངས་བཞི་པ་བྱས་ཤིང་། ལོ་88སླེབས་ལ་ཉེ་བའི་སྐད་གདངས་མཐོ་བའི་གཞས་མ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཚེ་བརྟན་སྒྲོལ་མ་བོད་ལྗོངས་ཀྱི་ལྷ་སའི་ཡན་ལག་ཚོགས་རར་ཕེབས་པ་རེད། ཁོང་གིས་བོད་ལྗོངས་ཇོ་མོ་གླང་མ་བྱིས་པའི་མཉམ་གཞས་ཚོགས་པའི་སྣེ་ཁྲིད་དེ་གླུ་གཞས《ཡར་ལངས་ཞིང་བྲན་གྱིས་གླུ་ཞིག་ལེན》ཞེས་པ་མཉམ་དུ་བླངས་པ་དང་། ད་ཐེངས་ནི་ལོ་18སོང་རྗེས་ཚེ་བརྟན་སྒྲོལ་མ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་བསྐྱར་དུ་ཕེབས་པ་ཞིག་རེད།