གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་23ཉིན། 10:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
བོད་རང་སྐྱོང་ལྗོངས་ཀྱིས་2025ལོར་མ་དངུལ་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་དོན་དངོས་ཁག་28ལག་ལེན་བསྟར་རྩིས་ཡོད་པ་རེད།
2024ལོའི་དམངས་འཚོའི་དོན་དངོས་དང་བསྡུར་ན་ཁག་7མང་དུ་སོང་བ་དང་། ཚོད་རྩིས་མ་དངུལ་སྒོར་དུང་ཕྱུར་16.2འཕར་ཡོད་པ་རེད།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་19ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་2025ལོར་མ་དངུལ་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་དོན་དངོས་ཁག་28ལག་ལེན་བསྟར་རྩིས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་འཆར་འགོད་ལག་བསྟར་བྱེད་པའི་དམངས་འཚོའི་དོན་དངོས་གཙོ་བོའི་ཕྱོགས་ནི་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་བར་བརྒལ་འཚོ་བའི་རོགས་སྐྱོར་དང་། ལས་ཞུགས། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཚུད་ཡོད་པ་དང་། 2024ལོའི་དམངས་འཚོའི་དོན་དངོས་དང་བསྡུར་ན་ཁག་7མང་དུ་སོང་བ་དང་། ཚོད་རྩིས་མ་དངུལ་སྒོར་དུང་ཕྱུར་16.2འཕར་ཡོད་པ་རེད། དེའི་ནང་། ཉེ་དུས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གནོད་འཚོ་ཕོག་ཁུལ་མང་ཚོགས་ཀྱི་བར་བརྒལ་འཚོ་བའི་རོགས་སྐྱོར་ལ་དམིགས་ཏེ་ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་4.5བཏང་ནས་རྒྱབ་སྐྱོར་བྱ་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ཁག་8དང་འབྲེལ་བ་ཡོད་པར་མ་དངུལ་སྒོར་དུང་ཕྱུར་33དང་སྒོར་དུང་ཕྱུར་24.1སོ་སོར་གཏོང་རྒྱུ་ཡིན་པ་རེད།