འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་23ཉིན།

༄༅།།མཚོ་སྔོན་གྱི་དམངས་སྲོལ་གནས་ཚང་བཞི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་དུ་བདམས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་23ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་19ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་གཏམ་བཟང་འབྱོར་གསལ། ཉེ་ཆར་རྒྱལ་ཡོངས་ཡུལ་སྐོར་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱིས་ཡུལ་སྐོར་དམངས་སྲོལ་གནས་ཚང་140ཡོངས་བསྒྲགས་གཏན་འཁེལ་བྱས་པའི་ནང་ཀ་པ་རིམ་པ་60དང་ཁ་པ་རིམ་པ་80ཡོད་པ་རེད། མཚོ་སྔོན་གྱི་དམངས་སྲོལ་གནས་ཚང་གཉིས་ཀ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་དུ་བདམས་ཡོད་པ་དང་དམངས་སྲོལ་གནས་ཚང་གཉིས་ཁ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་དུ་བདམས་ཡོད་པ་རེད།

    དམངས་སྲོལ་གནས་ཚང་ལས་རིགས་ཀྱི་འགྲན་རྩོད་ཛ་དྲག་པའི་མིག་སྔར། རིམ་ལྡན་ཡུལ་སྐོར་དམངས་སྲོལ་གནས་ཚང་དཔྱད་འདེམས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ལྡན་ཡུལ་སྐོར་དམངས་སྲོལ་གནས་ཚང་དཔྱད་འདེམས་བྱེད་པ་ནི་དམངས་སྲོལ་གནས་ཚང་ལས་རིགས་ཀྱི་ཁྲིམས་མཐུན་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་བར་བདེ་འཇགས་ཁྲིམས་མཐུན་དང་། བློ་བདེའི་རང་གཤིས་ཅན། ཁྱད་ཆོས་ཅན་གྱི་གནས་ཚང་ཐོན་རྫས་མཁོ་འདོན་བཅས་བྱས་ནས་ཡུལ་སྐོར་བའི་ཁེ་དབང་འགན་སྲུང་བྱེད་པ་དང་དམངས་སྲོལ་གནས་ཚང་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་ཝུའུ་ལམ་མོ་ཧོ་གཙང་པོའི་ཐའོ་ཧྥུང་ས་ཚིགས་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་དགོན་ལུང་ནཱ་ཏུན་འབྱུང་ཁུངས་·ཁྲན་དབྱི་དམངས་སྲོལ་གནས་ཚང་དེ་ཀ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་ལ་བདམས་པ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ཡུལ་ཤུལ་གཡུ་ཆུ་ཁ་རི་གྲོང་དང་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་ཕིང་ཨན་ས་ཚིགས་ཡཱ་ཡོན་དམངས་སྲོལ་གནས་ཚང་དེ་ཁ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་དུ་བདམས་པ་རེད།