འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་22ཉིན།

༄༅།།འགོ་ཁྲིད་འདི་གཞུང་གཏུག་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་22ཉིན། 15:32】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཏུའུ་ཙིའི་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱས་ནས་མཇུག་བསྒྲིལ་བ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པ་བརྒྱུད། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱས་པ་རེད། ཉེ་ཆར། ཧྲེན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས།

ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཞུ་གཏུག་བྱེད་པའི་དུས་རིམ་དུ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཏུའུ་ཙིར་ཡོད་པའི་གཏུག་བཤེར་དབང་ཆ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་ཏུའུ་ཙིར་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ལ་ཡང་ཉན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་པ་ལྟར་ན། ཞུ་སྦྱོར་ཕྱི་མར་ཏུའུ་ཙིས་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་ལས་ཚབ་། ཧྲི་ཀྲང་། གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི། ཐུང་ལིའོ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཐུང་ལིའོ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་སོགས་ཀྱི་ལས་གནས་ཐོག་གི་སྟབས་བདེ་དང་། འགན་དབང་ངམ་གོ་གནས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་སྤྱད་དེ་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་ནས་ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་ནོར་བླངས་པ་དང་། གྲངས་འབོར་ཧ་ཅང་ཆེན་པོ་ཡོད་པས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་དགོས།