འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་21ཉིན།

ཀོང་ཤིས་ཝུའུ་ཤོན་རྫོང་གིས་བུར་ཤིང་བཏབ་པ།

༄༅།།མངར་ཆའི་ཐོན་ལས་འཕེལ་རྒྱས་བརྟན་པོ་བཏང་བས་རྫོང་སྟོབས་ཆེན་དང་མང་ཚོགས་ཕྱུག་པོར་གྱུར་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཏེང་ཅན་ཧྲེན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་21ཉིན། 09:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    བུར་ཤིང་བསྡུ་བའི་དུས་སུ་སླེབས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལའེ་པིན་གྲོང་ཁྱེར་ཝུའུ་ཞོན་རྫོང་ཧྲང་ཐང་གྲོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་བུར་ཤིང་གི་མུ་འབྲེལ་ས་ཞིང་ཡོད།

    “ད་ལོ་ང་ཚོས་འདེབས་གསོ་བྱས་པ་ནི་ཀོང་ཤིས་ཞིང་ལས་ཚན་རིག་ཁང་གིས་འདེམས་གསོ་བྱས་པའི་ཐོན་འབབ་དང་མངར་ཆ་མང་བའི་རིགས“ཀུའེ་ཐང་ཨང་44པ”ཡིན་ཞིང་། མངར་ཆ་ལྡན་ཚད་18%ཟིན་ཡོད”ཅེས་ལོ་59ལ་སླེབས་པའི་བུར་ཤིང་འདེབས་མཁན་ཞིང་པ་ཝུའུ་ཆི་ཧུའེ་ཡིས་བཤད།

     2023ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལའེ་པིན་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས“ཀོང་ཤིས་ནི་རང་རྒྱལ་གྱི་བུར་ཤིང་ཐོན་ཁུལ་གཙོ་བོ་ཡིན་པས། ཁྱད་ལྡན་ལེགས་ཆའི་ཐོན་ལས་དེ་སྟོབས་ཆེར་བཏང་སྟེ། རྒྱལ་ཁབ་ཀྱི་མངར་ཆའི་ལས་རིགས་ཀྱི་བདེ་འཇགས་འགན་ལེན་དང་བུར་ཤིང་འདེབས་མཁན་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་དགོས”ཞེས་གསུངས་ཡོད།

    ཝུའུ་ཤོན་རྫོང་ནི་རྒྱལ་ཁབ་ཀྱི་མངར་ཆའི་རྒྱུ་ཆ་བུར་ཤིང་ཐོན་སྐྱེད་རྟེན་གཞིའི་རྫོང་དང་ཀོང་ཤིས་ཀྱི་མངར་ཆའི་རྒྱུ་ཆ་བུར་ཤིང་ཐོན་སྐྱེད་བྱེད་པའི་གཙོ་གནད་རྫོང་ཞིག་རེད། ལོ་10ལྷག་ཙམ་གོང་ཝུའུ་ཆི་ཧུའེ་ཡིས་སྣེ་ཁྲིད་དེ་པོ་ཧྲེང་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་རྫོང་ཡོངས་ཀྱི་བུར་ཤིང་ཐོན་ལས་འཕེལ་རྒྱས་དང་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།

     “2024ལོར་མཉམ་ལས་ཁང་གིས་བུར་ཤིང་གི་ས་ཞིང་མུའུ་1500གསར་དུ་བརྒྱུད་བཤུག་བཏང་བ་མ་ཟད། ད་དུང་ཆུ་དང་ལུད་དང་ཞིང་སྨན་གཞི་གཅིག་ཅན་གྱི་བུར་ཤིང་རིམ་པ་དང་པོའི་སོན་བཟང་རྒྱུད་སྤེལ་རྟེན་གཞི་བཙུགས་ཡོད”ཅེས་ཝུའུ་ཆི་ཧུའེ་ཡིས་ངོ་སྤྲོད་བྱས། ཁོང་ཚོས་བྱང་སྐར་ཕྱོགས་སྟོན་སྤྱད་དེ་མི་མེད་འདེབས་འཛུགས་བྱས་པ་མ་ཟད། ད་དུང་ཟོག་འབྲེལ་དྲ་རྒྱའི་ལག་རྩལ་བརྒྱུད་ཐིགས་ཆུ་གཏོང་བའི་མ་ལག་བཙུགས་པ་དང་། ཞིང་ཆུ་གཏོང་བ། ལུད་རྒྱག་པ། ཞིང་སྨན་གཏོར་བ་སོགས་ཀྱི་ལྷུ་ཚིགས་རིག་ནུས་ཅན་དང་རང་འགུལ་ཅན་མངོན་འགྱུར་བྱུང་ཡོད།

   ད་ཆ་ཝུའུ་ཤོན་རྫོང་གི་བུར་ཤིང་རྨོ་འདེབས་བསྡུ་ལེན་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་74.25%ཟིན་པ་དང་ཉེ་བའི་ལོ་གསུམ་རིང་ལོ་ལྟར་མངར་ཆའི་རྒྱུ་ཆ་བུར་ཤིང་མུའུ་ཁྲི་2ལྷག་ཙམ་མང་དུ་ཕྱིན་པ་དང་སྤུས་ལེགས་མངར་ཆའི་རྒྱུ་ཆ་བུར་ཤིང་གི་རྒྱ་ཁྱོན་མུའུ་ཁྲི་30ཡན་དུ་རྒྱུན་འཁྱོངས་བརྟན་པོ་བྱུང་ཡོད།

    “ང་ཚོས་བུར་ཤིང་འདེབས་མཁན་ཞིང་པ་དང་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་བརྟན་པོ་བཙུགས་ཡོད” པོ་ཞོན་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་རུའེ་ཧའེ་ཡིས་ངོ་སྤྲོད་བྱས་དོན། ཀུང་སིས“མངགས་ཐོའི་ཞིང་ལས”བརྒྱུད་ཝུའུ་ཆི་ཧུའེ་ལྟ་བུའི་བུར་ཤིང་འདེབས་མཁན་དུད་ཆེན་ལ་རྒྱབ་སྐྱོར་བྱས་ཏེ་ཉོ་སྒྲུབ་རིན་གོང་ཕུད་ལོ་ལྟར་བུར་ཤིང་འདེབས་མཁན་ཞིང་པར་སྒོར་ཁྲི་སྟོང་ཕྲག་ཁ་ཤས་སྤྲད་ནས་ཐོན་སྐྱེད་འདེབས་འཛུགས་ཀྱི་ཆ་རྐྱེན་ལེགས་སུ་བཏང་ཡོད། “བུར་ཤིང་བཙིར་ནས་བསྡུ་བའི་དུས་ཚིགས་འདིར་རྫོང་ཡོངས་སུ་བུར་ཤིང་ནང་མངར་ཆ་འདུས་ཚད་ཡོངས་ཁྱབ་ཏུ་བརྒྱ་ཆའི་གྲངས་1འཕར་ཡོད། མིག་སྔའི་རྒྱལ་ནང་གི་མངར་ཆའི་རིན་གོང་ལྟར་ན། སྔོན་དཔག་བྱས་ན་ཀུང་སིར་ཁེ་སྤོགས་ཁེར་གཙང་སྒོར་ཁྲི་7000འཕར་རྒྱུ་རེད”

    ཝུའུ་ཤོན་རྫོང་དུ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་60%ཡན་བུར་ཤིང་ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་པོ་བྱུང་བ་དང་། པོ་ཞོན་ཟས་རིགས་ཚད་ཡོད་ཀུང་སི་ཚུད་པའི་མངར་ཆའི་ཁེ་ལས་གཉིས་ཀྱི་ཐོན་རྫས་རིན་ཐང་གིས་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་གཅིག་བཟུང་ཡོད།

    ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“ཡུལ་བབ་དང་བསྟུན་ནས་ལས་རིགས་དར་རྒྱས་གཏོང་བ་དང་། རྫོང་སྟོབས་ཆེན། དམངས་ཕྱུག་བཅས་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་དགོས”ཞེས་བཏོན་ཡོད།

    “བུ་རམ་ཐོན་ལས་དེ་དམངས་ཕྱུག་སྟོབས་ཆེའི་རྫོང་གི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད”ཝུའུ་ཤོན་རྫོང་ཨུད་ཀྱི་ཧྲུའུ་ཅི་ལེ་དབྱིན་ཐེན་གྱིས་ཚན་རྩལ་གསར་གཏོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་བུ་རམ་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། སྤུས་ཚད་ལེགས་སུ་གཏོང་བ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་མངར་ཆའི་ཐོན་ལས་སྔར་བས་འཕེལ་རྒྱས་བརྟན་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད།