འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་19ཉིན།

༄༅།།ཞི་ཅིན་ཕིང་གིས་སྨི་ལཱ་ནོ་ཝུའེ་ཆི་ཁ་རེ་ཤེ་ཡའི་ཙུང་ཐུང་ལ་བསྟུད་མར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་19ཉིན། 11:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུའོ་ལན·སྨི་ལཱ་ནོ་ཝུའེ་ཆིར་གློག་འཕྲིན་བཏང་གནང་སྟེ་ཁོང་ཁ་རེ་ཤེ་ཡ་གཅིག་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བསྟུད་མར་བདམས་པར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁ་རེ་ཤེ་ཡ་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་པ་མ་ཟད། རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། སྒོ་དབྱེ་དང་། གཉིས་ཕན། གཉེས་ཁེ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་བས། ཕྱོགས་གཉིས་པོའི་འབྲེལ་བར་གསོན་ཤུགས་རྒྱུན་ཆད་མེད་པར་མངོན་ཡོད། ངས་ཀྲུང་གོ་དང་ཁ་རེ་ཤེ་ཡ་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ལམ་བུར་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཁ་རེ་ཤེ་ཡའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་གསུངས་པ་རེད།