འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་18ཉིན།

༄༅།།ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོ་ནས་ལང་ཚོའི་སྟོབས་ཤུགས་མངོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་17ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གཟུགས་པོ་འཁྲུད་ས་མེད་པའི་དཀའ་ངལ་སེལ་ཆེད། ཟླ་1ཚེས་14ཉིན། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གཟུགས་པོ་འཁྲུད་བྱེད་རླངས་འཁོར་ཞིག་དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོར་མངགས་ནས་མང་ཚོགས་ལ་ཆུ་ཚ་པོར་གཟུགས་པོ་འཁྲུད་རྒྱུ་ཡོང་བར་བྱས་པ་རེད། འདི་ནི་མེ་ཟོན་མི་སྣས་གཟུགས་པོ་བཀྲུས་མ་ཐག་པའི་ཕྲུ་གུར་སྐྲ་སྐེམ་རོགས་བྱེད་བཞིན་པ།

གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གཟུགས་པོ་འཁྲུད་ས་མེད་པའི་དཀའ་ངལ་སེལ་ཆེད། ཟླ་1ཚེས་14ཉིན། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་གཟུགས་པོ་འཁྲུད་བྱེད་རླངས་འཁོར་ཞིག་དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོར་མངགས་ནས་མང་ཚོགས་ལ་ཆུ་ཚ་པོར་གཟུགས་པོ་འཁྲུད་རྒྱུ་ཡོང་བར་བྱས་པ་རེད། འདི་ནི་མེ་ཟོན་མི་སྣས་གཟུགས་པོ་བཀྲུས་མ་ཐག་པའི་ཕྲུ་གུར་སྐྲ་སྐེམ་རོགས་བྱེད་བཞིན་པ།

བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། ས་ཁུལ་དང་ལས་གནས་མི་འདྲ་བ་ནས་ཡོང་བའི་གཞོན་ནུ་ཚོས་ཡོམ་འགོག་གེགས་སེལ་ནང་དཔའ་ངར་ཞུམ་མེད་ངང་ཞུགས་པ་རེད།

བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། ས་ཁུལ་དང་ལས་གནས་མི་འདྲ་བ་ནས་ཡོང་བའི་གཞོན་ནུ་ཚོས་ཡོམ་འགོག་གེགས་སེལ་ནང་དཔའ་ངར་ཞུམ་མེད་ངང་ཞུགས་པ་རེད།

“སྙན་སེང་ཞུ། ང་ཏང་ཡོན་གྱི་འཕྲལ་སྒྲུབ་རུ་ཁག་ནང་ཞུགས་འདོད་ཡོད”ས་ཡོམ་བརྒྱབ་རྗེས། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་གྱི་ཐོན་ཤོག་ཅིག་གི་འཐབ་འཛིང་པ་ལི་ཕུང་ཅུས་ཀྱིས་རང་གནས་སའི་དཔུང་སྡེ་དང་མཉམ་དུ་ཡོམ་ལྟེར་བསྐྱོད། ཞིག་རོའི་ཁྲོད་ཁོང་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རྡོ་སྔོག་པ་དང་གདུང་མ་དབོར་ནས་འཚོལ་སྐྱོབ་རེ་བ་ཡོད་ཚད་བློས་བཏང་མེད།

དགུན་གྱི་ས་མཐོར་གྲང་ངར་ཆེ་ཞིང་། ལི་ཕུང་ཅུས་ཀྱིས་འཐབ་གྲོགས་ཚོ་དང་མཉམ་དུ་དངོས་ཟོག་བཀྱགས་ནས་བཀོད་སྒྲིག་བྱ་ཡུལ་དུ་ཕར་ཚུར་དབོར་བར་བྲེལ། མཚན་མོར་ཁོང་གིས་མང་ཚོགས་ཀྱི་ཐབ་ལ་རྡོ་སོལ་བུད་རོགས་བྱེད་པ་དང་ལྷགས་པ་ཆེན་པོ་བརྒྱབ་ནས་འཁྱོག་པའི་གུར་བརྟན་དུ་གཏོང་རོགས་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་གང་ཐུབ་བྱས།

ས་བབ་སྨི་4000ལྷག་ཙམ་ཟིན་པ་དང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་18ལ་སླེབས་པ། ལྷགས་པ་ཆེ་ཤོས་རིམ་པ་8རྒྱག་པ་སོགས་ཀྱི་ཁོར་ཡུག་ཁྲོད། རྒྱལ་ཁབ་གློག་དྲ་ལྷོ་ཁ་གློག་འདོན་ཀུང་སིའི་གྲོང་ཁུལ་གྱི་ཞབས་ཞུ་མཁོ་འདོན་ལྟེ་གནས་ཀྱི་90ནང་སྐྱེས་ཀྱི་ལས་བཟོ་ཝང་ཐེན་ཡིའུ་ཡིས་རང་འགུལ་ངང་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་འདུན་ཞུས། ཆུ་ཚོད་6ཙམ་བསྐྱོད་མཐར། ཟླ་1ཚེས་8ཉིན་གྱི་ཐོ་རེངས་སུ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་མཚོ་ཤང་བྱང་དཀར་གྲོང་ཚོར་འབྱོར།

གྲང་རླུང་འུར་འུར་དུ་ལྡང་བའི་ཁོར་ཡུག་ཁྲོད་ཝང་ཐེན་ཡིའུ་དང་ལས་རོགས་ཚོས་ལག་པར་འཁྱགས་ཐེབས་ནས་འགུལ་མ་ཐུབ་པའི་མཚམས་སུ་སླེབས་ནའང་ཁ་རླངས་ཀྱིས་ཚ་པོ་བཟོ་བ་དང་པ་ཀིར་ནང་བཅུག་ནས་ཚ་པོ་བཟོ་ཐབས་ཀྱིས་ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱས།

“གློག་སླེབས་སོང”ཞེས་ཆུ་ཚོད་4དང་སྐར་མ་12ལ་བྱང་དཀར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་གུར་22ཀྱི་གློག་སྒྲོན་འབར་བ་དང་སྦྲགས་དེ་གའི་མང་ཚོགས་ཀྱིས་དགའ་འབོད་བྱས།

གཞོན་ནུ་ཚོའི་འབད་འཐབ་བྱས་པ་ལས་གེགས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ཐེབས་ཡོད།

མཚོ་སྒང་ཤང་ཐང་རི་གྲོང་ཚོར་བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས“བྱིས་པའི་ཁྱིམ་གཞིས”བཙུགས་ཤིང་། དང་བླངས་པ་བདེ་ཆེན་གཡུ་སྒྲོན་དང་ཚོགས་པས་བྱེད་ཐབས་སྣ་ཚོགས་བརྒྱུད་བྱིས་པའི་སེམས་ཁམས་བདེ་ཐང་སྲུང་།

བདེ་ཆེན་གཡུ་སྒྲོན་གྱིས། “ང་ཚོས་ཕྲུ་གུ་འགའ་ཤས་དངངས་སྐྲག་ལངས་རྗེས་གུར་ནང་སྡོད་པ་དང་ཉལ་ཆས་ནང་ཡིབ་ནས་སྡོད་པ་ལས་ཕྱིར་དོན་མི་ཕོད་པ་ཤེས་སྐབས། རྩེད་ཆས་སྤྲོད་པ་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལས་ཕྲུ་གུའི་སེམས་པ་ལྷོད་ལ་བབ་ཐབས་བྱས་པ་ཡིན”ཞེས་བཤད།

བདེ་ཆེན་གཡུ་སྒྲོན་མཐོང་མ་ཐག་ཕྲུ་གུ་ཚོ་རྒྱུག་ཡོང་། “ལག་པ་དང་གདོང་སྐམ་ཤས་ཆེན་པོ་འདི་འདྲ་གང་ཡིན་ནམ”ཞེས་ཤོད་ཀྱིན་བདེ་ཆེན་གཡུ་སྒྲོན་གྱིས་ཤ་གསོས་བཏོན་ནས་ཕྲུ་གུ་ཚོར་བྱུགས།

ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། དང་བླངས་ཞབས་ཞུར་ཧུར་ཐག་ཞུགས་པ་ལ་སོགས། ཉིན་ཤས་བསྟུད་མར་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོ་ནས་ལང་ཚོའི་སྟོབས་ཤུགས་མངོན།

(འདི་ག་ཚགས་པར་ཁང་དུ་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ)