གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་16ཉིན། 13:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཐན་ཞི་རེན(གཡོན་གྱི་གཉིས་པ)གྱིས་ཕྲུ་གུ་ཚོ་དང་མཉམ་དུ་ཞབས་བྲོ་འཁྲབ་བཞིན་པ།
བོད་ལྗོངས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཀྲུང་གོ་ཚན་རིག་ཁང་སེམས་ཁམས་ཞིབ་འཇུག་སུའོ་འཕྲལ་སྡོམ་སེམས་ཁམས་རོགས་སྐྱོབ་རུ་ཁག་གི་རིགས་གཅིག་མཁས་ཅན་ཐན་ཞི་རེན་གྱིས་བཀོད་སྒྲིག་བྱ་ཡུལ་གྱི་ཕྲུ་གུ་80ལྷག་ཙམ་སྒྲིག་འཛུགས་བྱས་ནས་རི་མོ་འབྲི་བ་དང་། གཞས་གཏོང་བ། ལུས་རྩལ་རྩེད་པ་བཅས་བྱས་ཏེ་ཁོང་ཚོར་སེམས་ཁམས་མཛུབ་ཁྲིད་བྱས་པ་རེད། ཕྲུ་གུ་ཚོས་ཁོང་ལ“གཅེན་མོ་སེམས་བཟང་ཅན”ཞེས་འབོད་ཀྱི་ཡོད། ཐན་ཞི་རེན་དེ་སྔ་སི་ཁྲོན་དབུན་ཁྲོན་ས་ཡོམ་དང་མཚོ་སྔོན་ཡུལ་ཤུལ་ས་ཡོམ་སོགས་གེགས་རྗེས་ཀྱི་སེམས་ཁམས་རོགས་སྐྱོབ་ལས་དོན་ནང་ཞུགས་མྱོང་ཡོད་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཟླ་1ཚེས་9ཉིན་གྱི་མཚན་གུང་དུ་ཐན་ཞི་རེན་ཚུད་པའི་འཕྲལ་སྡོམ་སེམས་ཁམས་རོགས་སྐྱོབ་རུ་ཁག་གི་རུ་མི་4དིང་རི་རྫོང་དུ་འབྱོར་ནས་གྲོང་ཚོ་ཁག་ལ་ལས་དོན་ས་ཚིགས་བཙུགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་ལྷག་པར་དུ་བྱིས་པའི་སེམས་ཁམས་གསོ་བའི་སློབ་གསོ་བཏང་ཡོད།
འདི་ནི་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཐན་ཞི་རེན(གཡོན་གྱི་གཉིས་པ)གྱིས་ཕྲུ་གུ་ཚོ་དང་མཉམ་དུ་ཞབས་བྲོ་འཁྲབ་བཞིན་པ།