འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་15ཉིན།

༄༅།།ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་14ཉིན། 17:23】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་དང་པོའི་ཚེས་6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས་ཀྲུང་གོས་ཡར་ཀླུང་གཙང་པོའི་ཆུ་གློག་ལས་གྲྭ་ཆེ་གྲས་བསྐྲུན་པའི་འབྲེལ་ཡོད་གནད་དོན་སྐོར་ལ་དྲི་བ་བཏོན་པ་རེད།

ལུའུ་ཐོའུ་གསར་འགྱུར་ཁང་གི་གསར་འགོད་པས། ཀྲུང་གོས་ཡར་ཀླུང་གཙང་པོའི་ཆུ་གློག་ལས་གྲྭ་ཆེ་གྲས་བསྐྲུན་རྒྱུར་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ལ་དོ་ཁུར་ཡོད་ཚུལ་བསྟན། ཨ་རིའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལི་ཝུན་གྱིས་དེ་རིང་རྒྱ་གར་དུ་རྒྱ་གར་ཕྱོགས་ཀྱི་དོ་ཁུར་ལ་ཉན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་བྱ་སྤྱོད་སྤེལ་བའམ་ཡང་ན་ངག་ཐོག་གི་བྱ་ཐབས་ལ་བརྟེན་ནས་རྒྱ་གར་ཕྱོགས་ཀྱི་དོ་ཁུར་ཞི་ལྷོད་དུ་གཏོང་གི་ཡོད་དམ། ཨ་རིས་དེའི་ནང་ནུས་པ་འདོན་སྤེལ་བྱེད་ཐུབ་བམ་ཞེས་དྲིས།

གོ་ཅ་ཁུན་གྱིས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭའི་སྐོར་ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་གསལ་པོར་བསྟན་ཡོད། ངས་བསྐྱར་བསྒྲགས་བྱེད་འདོད་པ་ནི། ཀྲུང་གོ་ཕྱོགས་ཀྱིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་བསྐྲུན་རྒྱུ་དེ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་ནན་མོ་བྱས་ཡོད། སྨད་རྒྱུད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། ས་གཤིས། ཆུའི་ཐོན་ཁུངས་བཅས་ཀྱི་ཁེ་དབང་ལ་ཤུགས་རྐྱེན་ངན་པ་བཟོ་མི་སྲིད་པར། དེ་ལས་ལྡོག་སྟེ་ཚད་ངེས་ཅན་ཞིག་གི་ཐོག་ནས་སྨད་རྒྱུད་ཀྱི་གནོད་འགོག་གེགས་སེལ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།