གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་14ཉིན། 17:22】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འཕར་ཚད་གསར་པ་སྔར་ལས་གསོ་སྐྱོང་བྱས་ནས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དར་རྒྱས་ཡོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞིག་》དཔར་འགྲེམས་བྱས་པའི་ནང་རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་སྐོར་བཀོད་ཡོད།
ཕྱོགས་རྐྱང་པའི་ལག་ཁྱེར་ཐོ་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་བསྐྱེད་པ་དང་། ལག་ཁྱེར་ཐོ་འགོད་མི་དགོས་པའི་དུས་ཚོད་འོས་འཚམ་རིང་དུ་གཏོང་དགོས། དྲིལ་བསྒྲགས་ངོ་སྤྲོད་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། ད་ཡོད་ཀྱི་རྒྱལ་མཚམས་ལས་བརྒལ་བའི་ལག་ཁྱེར་ཐོ་འགོད་མི་དགོས་པའི་སྲིད་ཇུས་དང་ས་ཁོངས་རང་བཞིན་གྱི་རྒྱལ་ཁོངས་སུ་ཡོང་བའི་ཐོ་འགོད་མི་དགོས་པའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་མ་ཟད། དུས་ཐོག་ཏུ་སྔར་ལས་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱལ་མཚམས་བརྒལ་ནས་ཐོ་འགོད་མི་དགོས་པའི་སྲིད་ཇུས་དང་འཚམ་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་ལམ་ཐིག་གསར་སྤེལ་བྱེད་དགོས། “བདེ་མོ། ཀྲུང་གོ་”རྒྱལ་ཁབ་ཀྱི་ཡུལ་སྐོར་གཟུགས་བརྙན་ཁྱབ་གདལ་བྱེད་སྒོ་སྤེལ་དགོས། རྒྱལ་མཚམས་ནས་ཁ་བྲལ་ནས་ཁྲལ་སློག་ཞབས་ཞུ་ལེགས་སུ་བཏང་སྟེ། “ཉོས་མ་ཐག་ཕྱིར་སློག་”བྱེད་ཐབས་ཁྱབ་གདལ་གཏོང་དགོས།