འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་13ཉིན།

༄༅།།ཡོམ་ལྟེའི་ཉིན་ཐོ། ཁང་པ་གསར་པ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་13ཉིན། 15:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 དུས་ཚོད་ཟླ་1པོའི་ཚེས་12ཉིན། གཟའ་ཉི་མ།

གནམ་གཤིས། ཐལ་རླུང་ལྡང་།

ས་གནས། བོད་ལྗོངས་དིང་རི་རྫོང་གྲམ་སོ་ཤང་མགུ་རོང་གྲོང་ཚོ།

བསོད་ནམས་ཀྱིས་ཕྱག་མ་བཟུང་ནས་སྒོ་འགྲམ་གྱི་ཐལ་བ་གད་ཕྱག་གཏོང་ཞོར་ང་ཚོ་ལ་“མགྱོགས་པོ་ནང་དུ་ཤོག ཁྱིམ་ནང་དུ་དྲོ་སོབ་སོབ་ཡོད”ཅེས་ཟེར།

གནོད་འཚེ་ཐེབས་ཆེ་ཤོས་ཀྱི་གྲོང་ཚོ་གཅིག་ནི་མགུ་རོང་གྲོང་ཚོ་རེད། མང་ཚོགས་ཁག་དང་པོ་སྟབས་བདེའི་ཁང་པའི་ནང་བསྡད་ཟིན།

བསོད་ནམས་ཀྱི་ཁྱིམ་དུ་དྲོ་སོབ་སོབ་འདུག ཁང་པའི་ནང་དུ་ཉལ་ཁྲི་དང་བརྙན་འཕྲིན། དྲོད་གློག དེ་བཞིན་དུ་འཚོ་བའི་ཡོ་ཆས་སོགས་ཚང་མ་འདུག

“ས་ཡོམ་བརྒྱབ་རྗེས་ཉིན་3མ་འགོར་གོང་། ང་ཚོ་སྟབས་བདེ་ཁང་པའི་ནང་སྤོར་ཐུབ་སོང་།”བསོད་ནམས་ཀྱིས་འདི་འདྲ་མགྱོགས་པ་བསམ་པ་མ་བྱུང་། འདི་ནི་དུད་ཚང་གཅིག་གཉིས་ཙམ་མ་རེད། འདི་ལ་དུད་ཚང་སྟོང་ཡན་ཡོད་པ་རེད། ཉེ་ཆར། ཚང་མ་གཅིག་རྗེས་གཉིས་མཐུད་ངང་ཁང་པ་གསར་པའི་ནང་སྤོ་བཞིན་ཡོད་ཅེས་བཤད།

“ལས་རིགས་ཁག་གིས་སེམས་ཤུགགས་གཅིག་སྒྲིལ་བྱས་པས། ང་ཚོ་ལ་འཚོ་བའི་ཐོག་འགན་སྲུང་བྱུང་བ་མ་ཟད། སེམས་ཤུགས་ཀྱང་སྤྲད་པས་བློ་བདེ་པོ་འདུག”ཞེས་བཤད་རྗེས། བསོད་ནམས་ཀྱིས་མཐེ་བོང་ཡར་བསྒྲེངས་ནས། “གུང་ཁྲན་ཏང་། ཡག་པོ་འདུག”ཟེར།

ཆུ་ཚོད་9པའི་ཐོག ཀྲུང་གོའི་སྦྲག་སྲིད་ལས་བྱེད་མི་སྣ་སྤེན་པས་རླངས་འཁོར་བཏང་ནས་མགུ་རོང་གྲོང་ཚོར་སླེབས་བྱུང་།

པ་སངས་ཀྱིས་མྱུར་སྐྱེལ་བླངས་སོང་། འདི་ནི་ཁོ་མོས་ས་ཡོམ་མ་བརྒྱབ་གོང་རྨོ་བོ་ལ་ཉོས་པའི་གྱོན་གོས་རེད། “ད་ལྟ། འཚོ་བ་རིམ་བཞིན་རྒྱུན་ལྡན་ལྟར་སླར་གསོ་བྱུང་བཞིན་འདུག དེ་རིང་མྱུར་སྐྱེལ་འབྱོར་སོང་། སེམས་པ་སྐྱིད་པོ་འདུག”ཅེས་པ་སངས་ཀྱིས་དེ་ལྟར་བཤད།

ཉིན་གུང་གི་དུས་སུ། གུང་ཟས་ཟས་ཚར་རྗེས་ཚལ་པ་ཡིས་བརྙན་འཕྲིན་ཟློས་གར་ལ་ལྟ་བཞིན་འདུག ཁ་སང་མགུ་རོང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་དྲ་བ་དང་IPTVདྲ་རྒྱའི་བརྙན་འཕྲིན་འབྲེལ་མཐུད་བྱས་ཡོད། དེ་ནི་ས་ཡོམ་བྱུང་རྗེས། སྐུད་ཡོད་ཀྲའོ་སྟོང་གི་དྲ་དང་IPTVདྲ་རྒྱའི་བརྙན་འཕྲིན་སྦྲེལ་མཐུད་དང་Wi-Fiཁེབས་པའི་སྟབས་བདེའི་ཁང་པ་དང་པོ་དེ་རེད།

ལས་དོན་ཞིབ་ཅིང་ཕྲ་བར་སྒྲུབ། ཞབས་ཞུས་མི་སེམས་ཁུག་པར་བྱེད།

བཀོད་སྒྲིག་ཁུལ་དུ་ད་དུང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དང་། དམངས་བདེ་ཞབས་ཞུའི་ཚོམས་ཆེན། འཕྲོད་བསྟེན་ཁང་སོགས་བཙུགས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཕན་ནུས་ལྡན་པའི་སྟབས་བདེ་མཁོ་འདོན་བྱས་ཡོད།

མེ་དང་གློག་དགོས་མཁོ་ཆེ་བའི་དབང་གིས་མེ་གསོད་མི་སྣས་བཀོད་སྒྲིག་ཁུལ་དུ་མེ་གསོད་དྲིལ་བསྒྲགས་སློབ་ཁྲིད་བྱས་པ་མ་ཟད། མེ་གསོད་ས་ཚིགས་ཆུང་གྲས་ཀྱང་བཙུགས་འདུག

རྒུད་སྐྱོབ་དངོས་རྫས་ཀྱི་ནང་དུ་ད་དུང་གཟན་རྩྭ་མང་པོ་འདུག་པར་སྒོ་ཟོག་འཁོར་ནས་རྩྭ་ཟ་བཞིན་འདུག

དགུན་ཁའི་ཉི་འོད་སྒེའུ་ཁུང་བརྒྱུད་ནས་ཁང་བའི་ནང་དུ་འཕྲོས། བསོད་ནམས་ཀྱིས་སྒེའུ་ཁུང་ནས་རྒྱང་རིང་ལ་བལྟས་ཏེ།“རེ་རེ་བཞིན་བསྡུ་གསོག་དང་། རེ་རེ་བཞིན་ཉོ་སྒྲུབ་བྱས་ནས་ཁྱིམ་གསར་པའི་ཉམས་ཐོན་པར་འདུག་ཨང་”ཞེས་བཤད།

སྨུག་ལོང་གིས་བསྒྲིབས་པའི་ཡོམ་ཁུལ་ཐལ་བ་རིམ་གྱིས་ཕྱག་ནས། “ཁྱིམ་”གྱི་རྣམ་པ་སྔར་བས་གསལ་པོ་ཆགས་བཞིན་འདུག