གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་13ཉིན། 13:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་དང་པོའི་ཚེས་13ཉིན། མོ་ཙམ་པི་ཁེ་རུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་བྱས་ནས། མོ་ཙམ་པི་ཁེ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་ཉེན་འགོག་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས། ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཟླ་དང་པོའི་ཚེས་13ཉིན་ནས་བཟུང་། མོ་ཙམ་པི་ཁེ་ཡིས་ཆབ་སྲིད་གྲོས་རིམ་གལ་ཆེན་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པས་འབྲེལ་ཡོད་ངེས་གཏན་མེད་པའི་རྒྱུ་རྐྱེན་མུ་མཐུད་མང་དུ་འགྲོ་རྒྱུ་རེད། མོ་ཙམ་པི་ཁེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་མོ་ཙམ་པི་ཁེ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་ཀྱི་གནས་བབ་ལ་དོ་ཁུར་ཟབ་མོར་བྱེད་པ་དང་། བདེ་འཇགས་ཉེན་འགོག་དང་འཕྲལ་བསྟུན་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ། དགོས་ངེས་མིན་པའི་ཕྱི་ལ་འགྲོ་རྒྱུ་ཉུང་དུ་གཏོང་བ། ཚོར་སྣང་སྐྱེན་པའི་དུས་སྐབས་སུ་་ཚོར་སྣང་སྐྱེན་པའི་ས་ཁོངས་སུ་མི་འགྲོ་བ་བཅས་བྱས་ནས་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་དྲན་སྐུལ་བསྐྱར་མ་བྱས་པ་རེད།
ཛ་དྲག་གི་གནས་ཚུལ་འཕྲད་ན། ཉེན་རྟོག་པར་དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས་པ་མ་ཟད་གཞུང་ཚབ་ཁང་དང་འབྲེལ་བ་བྱེད་དགོས།
མོ་ཙམ་པི་ཁེའི་ཉེན་བརྡའི་ཁ་པར་ནི། 112
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་དོན་གཅོད་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་བསྟུན་ཐད་སྦྲེལ་ཁ་པར་(ཆུ་ཚོད་24)+86-10-12308+86-10-65612308
མོ་ཙམ་པི་ཁེ་རུ་བཅའ་སྡོད་གཞུང་ཚབ་ཆེན་མོ་ཁང་གི་དོན་གཅོད་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར་(ཆུ་ཚོད་24)+258-826223383+258-826223273