འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་13ཉིན།

༄༅།།ས་ཆ་འདི་དག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་13ཉིན། 13:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་དང་པོའི་ཚེས་13ཉིན་གྱི་ཆུ་ཚོད་08པ་ནས་ཚེས་14ཉིན་གྱི་ཆུ་ཚོད་08པ་བར། ནང་སོག་གི་ནུབ་རྒྱུད་དང་དབུས་རྒྱུད། ཀན་སུའུ་ཡི་རྨ་ནུབ། ཧེ་ལུང་ཅང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད། ཧོ་པེ་ཡི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་། ཡུན་ནན་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེའི་ནང་དུ། བོད་ལྗོངས་ཀྱི་ཤར་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ནས་ཁ་བ་ཧ་ཅང་ཆེན་པོ་(ཧའོ་སྨི་10ནས་12བར་)འབབ་རྒྱུ་རེད། ཟླ་དང་པོའི་ཚེས་14ཉིན་གྱི་ཆུ་ཚོད་08པ་ནས་ཚེས་15ཉིན་གྱི་ཆུ་ཚོད་08པ་བར། ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཞིན་ཅང་གི་ཐེན་ཧྲན་རི་བོ་རྒྱུད་ཀྱི་ས་ཁུལ། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་ལྷོ་རྒྱུད་དང་། ཡུན་ནན་གྱི་བྱང་ཤར་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད།