འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་13ཉིན།

༄༅།།ཀན་སུའུ་ཡི་ལྗང་མདོག་གློག་ཤུགས་ཐེན་ཅིན་ལ་ཐོག་མར་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་13ཉིན། 10:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ལྗང་མདོག་གློག་ཤུགས་ཉོ་ཚོང་གི་གློག་འབོར་ལོ་རེར་ཆ་སྙོམས་ཆུ་ཚོད་ཆན་ཝ་དུང་ཕྱུར་34.51ཟིན་པ་དང་ལོ་ལྔའི་ནང་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་172.55ཟིན་ཡོད།

    འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་6ཉིན། 2025ལོའི་ལོ་འཁོར་དུ་ཀན་སུའུ་ཡིས་ཐེན་ཅིན་ལ་ཆུ་ཚོད་ཆན་ཝ་དུང་ཕྱུར་34.5བཏང་ནས་ཞིང་ཆེན་དབར་གྱི་ལྗང་མདོག་གློག་ཉོ་ཚོང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཀན་སུའུ་ཡི་ལྗང་མདོག་གློག་ཤུགས་ཐེན་ཅིན་ལ་ཐོག་མར་བཏང་བ་མཚོན་གྱི་ཡོད།

   ཀན་སུའུ་དང་ཐེན་ཅིན་གཉིས་ཀྱིས་མིང་རྟགས་བཀོད་པའི《2025ལོ་ནས་2029ལོ་བར་ཀན་སུའུ་ཡིས་ཐེན་ཅིན་ལ་གཏོང་བའི་ལོ་མང་རིང་གི་ལྗང་མདོག་གློག་ཤུགས་ཀྱི་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་མཐུན》གཞིར་བཟུང་། ཀན་སུའུ་ཡིས་ཐེན་ཅིན་ལ་བཏང་བའི་ལྗང་མདོག་གློག་ཤུགས་ཉོ་ཚོང་གི་གློག་འབོར་ལོ་རེར་ཆ་སྙོམས་ཆུ་ཚོད་ཆན་ཝ་དུང་ཕྱུར་34.51ཟིན་པ་དང་ལོ་ལྔའི་ནང་ཁྱོན་ཆུ་ཚོད་ཆན་ཝ་དུང་ཕྱུར་172.55ཟིན་གྱི་ཡོད་པ་རེད། ད་ཐེངས་ཀན་སུའུ་ཡི་ལྗང་མདོག་གློག་ཤུགས་ཐེན་ཅིན་ལ་བཏང་བ་དེས་ཐེན་ཅིན་ས་ཁུལ་གྱི་ནུས་རྒྱུ་མཁོ་སྤྲོད་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ནུས་རྒྱུ་མཁོ་སྤྲོད་ཀྱི་བརྟན་པོའི་རང་བཞིན་དང་བདེ་འཇགས་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།