འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་10ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་10ཉིན། 13:53】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཉེ་ཆར། ཨ་རིའི་རྒྱལ་སྲུང་པུས་ཀྲུང་གོའི་ཁེ་ལས་མང་པོ་ཞིག་“ཀྲུང་གོའི་དམག་དོན་ཁེ་ལས་གསལ་ཐོའི་”ནང་བཅུག་པར་དམིགས་ནས། ཚེས་8ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཡིད་མི་ཚིམ་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

མགྲིན་ཚབ་པ་དེ་ཡིས་བསྟན་དོན། ཨ་རི་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་ཁྲོམ་རའི་རྩ་དོན་སྣང་མེད་དུ་བཞག་ནས། རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་རྒྱུན་ཆད་མེད་པར་ཁྱབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱོད་པ་བཅས་བྱས་ཏེ། ཀྲུང་གོའི་“དམག་དམངས་མཉམ་འདྲེས་”འཐབ་ཇུས་ལ་རྒྱུ་མཚན་མེད་པར་སྐྱོན་འཛུགས་བྱས་པ་མ་ཟད། དེར་ཁ་གཡར་ནས་ཀྲུང་གོའི་ཁེ་ལས་ལ་གནས་ལུགས་མེད་པའི་གནོན་ཤུགས་སྤྲད་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྟངས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་ལ་གནོད་འཚེ་བཏང་བ་རེད།

མགྲིན་ཚབ་པ་དེ་ཡིས། ཀྲུང་གོ་ཕྱོགས་ནས་ཨ་རི་ཕྱོགས་ཀྱིས་དོན་དངོས་དང་སྒྲིག་སྲོལ་ལ་བརྩི་འཇོག་བྱས་ནས་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་མཚམས་འཇོག་བྱས་ནས། ཀྲུང་གོའི་ཁེ་ལས་ལ་འདྲ་ཉམས་དང་དྲང་གཞག མཐོང་ཆུང་མིན་པའི་ཐོབ་ཐང་མཁོ་འདོན་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་འཕེལ་ཕྱོགས་ལ་དོ་ཁུར་ཟབ་མོ་བྱ་རྒྱུ་མ་ཟད། བྱེད་ཐབས་དགོས་ངེས་ཡོད་ཚད་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།