འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་7ཉིན།

༄༅།།སློབ་གསོ་པུས་རྒྱལ་ཡོངས་ཀྱི་སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ཚོད་ལྟ་ཁག་གསུམ་པ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་07ཉིན། 15:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་སློབ་གསོ་པུས་རྒྱལ་ཡོངས་ཀྱི་སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ཚོད་ལྟ་ཁག་གསུམ་པ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ནས། སློབ་གྲྭའི་མྱུར་སྐྱོབ་སློབ་གསོའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟའི་ལས་དོན་ཁག་གསུམ་པར་སློབ་གྲྭ་3000བདམས་ནས་ཞུགས་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སློབ་གྲྭའི་དུས་མཚམས་ཁག་ལ་ཁྱབ་པར་བྱས་ཏེ་ཚོད་ལྟའི་ལས་དོན་བརྒྱུད་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་མྱུར་སྐྱོབ་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། དགེ་སློབ་ཡོངས་ལ་མྱུར་སྐྱོབ་ཤེས་བྱ་དང་རྩལ་ནུས་ཁྱབ་གདལ་གཏོང་བ། སློབ་གྲྭའི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རེད། ཚོད་ལྟའི་སློབ་གྲྭས་སློབ་ཞུགས་སློབ་གསོ་དང་། སློབ་མའི་དམག་སྦྱོང་། ལུས་རྩལ་དང་བདེ་ཐང་སློབ་ཚན། སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སོགས་ཀྱི་ཐབས་ལམ་སྤྱད་དེ་མྱུར་སྐྱོབ་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་པ་དང་། དགེ་སློབ་ཀྱིས་ཚེ་སྲོག་ལ་གཙིགས་ཆེན་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཚེ་སྲོག་བདེ་འཇགས་དང་བདེ་ཐང་སྲུང་བའི་དགེ་སློབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།