འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་2ཉིན།

ཀྲུང་དབྱང་སྒྲིག་ཨུད་ཀྱིས་བརྡ་ཐོ་བཀྲམ་ནས།

༄༅།།2025ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་སྤྱོད་བཟང་སྒྲིག་ནན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་02ཉིན། 13:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བརྡ་ཐོ་བཀྲམ་ནས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་2025ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་སྤྱོད་བཟང་སྒྲིག་ནན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་བཟང་སྤྱོད་བཟང་གི་དུས་ཆེན་གྱི་རྣམ་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    དུས་ཆེན་རིང་ནི“སྤྱོད་ཚུལ་བཞིའི”གནད་དོན་ཐོན་མང་བའི་དུས་ཤིག་རེད། བརྡ་ཐོའི་ནང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་རྒྱུན་མཐུད་བཀག་འགོག་ནན་པོ་བྱས་ཏེ། སྒྲིག་འགལ་ངང་ཟ་འཐུང་བྱེད་པ་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སམ་ཕན་བདེ་སྤྲོད་པ། སྒྲིག་འགལ་ངང་གཉེན་སྟོན་གཉེར་བའི་གོ་སྐབས་དང་བསྟུན་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ། གཞུང་འཁོར་སྒེར་སྤྱོད་བྱེད་པ་སོགས་ཀྱི་དུས་ཆེན་གྱི་གོམས་ངན་ཞིབ་བཤེར་ཐག་གཅོད་ནན་པོ་མཐར་ཕྱིན་བྱས་ནས“མྱུར་སྐྱེལ་བརྒྱུད་ལག་རྟགས་སྤྲོད་པ”དང་གསོ་སྦྱོང་རྟོག་ཞིབ་སོགས་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་སོགས་མངོན་མེད་ཐབས་སྒྱུར་གྱི་སྣང་ཚུལ་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་། གདང་རིམ་མཐོ་བའི་ཐ་མག་དང་། ཨ་རག ཇ་གསུམ་དང་། རྒྱས་སྤྲོས་ཀྱི་ལོ་གསར་དགོང་ཟས། དུས་ཆེན་གྱི་ཐལ་ཆེའི་ཐུམ་སྒྲིལ་ལག་རྟགས་སོགས་ཀྱི་སྣང་ཚུལ་རྒྱབ་ཀྱི་སྐྱིད་འདོད་དང་བག་མེད་ཆུད་ཟོས་ཀྱི་གནད་དོན་ཡོ་བཅོས་ཤུགས་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་བླང་བྱ་གཞིར་བཟུང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བཅོས་ཤུགས་ཆེན་བྱས་ཏེ། ལོ་འགོ་ལོ་མཇུག་ལས་དོན་ལ་ཕྱོགས་སྡོམ་དང་སྐུལ་འདེད་གཏོང་བའི་མིང་ཐོག་ནས་ཚོགས་ཡིག་གཉིས་མང་དང་གཞི་རིམ་ལ་གང་འདོད་དུ་ལས་འགན་བཀོད་སྒྲིག་བྱེད་པ་དང་། དཔྱད་ཡིག་སྙན་སེང་དང་རེའུ་མིག་འབྲི་བའི་བླང་བྱ་བསྐྱར་མང་འདོན་པ། ལྟ་བཤེར་ཞིབ་བཤེར་གྱི་རྟོག་ཞིབ་བྱེད་ཚད་དང་ཐེངས་གྲངས་མང་དྲགས་པ། “མཛུབ་མོའི་སྟེང་གི་ཕྱི་ཚུལ་རིང་ལུགས”སོགས་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བའི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ལྟ་སྐུལ་དང་ལྟ་འདོམས་ལ་ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཡོ་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། བཟའ་འཁྱེར་བཀག་གསུམ་དང་། རྣམ་འགྱུར་ངན་པོ། སྒྲིག་འགལ་གྲོན་བསྡུ། ཕན་གཉེར་རང་བཞིན་གྱི་ཁྲིམས་སྒྱུར་སོགས་ཁྲོམ་རའི་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་གནད་དོན་འགོག་སྲུང་དང་བཅོས་སྒྲིག་ནན་པོ་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ“སྦྲང་གྲོག་རུལ་སུངས”ལ་ཆད་གཅོད་ནན་པོ་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།