《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 01ཚེས་02ཉིན། 13:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་བཏོན་པ་དང་འབྲེལ་རྒྱས་བཤད་གཏིང་ཟབ་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་དང་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གལ་ཆེའི་གྲུབ་འབྲས་གསར་ཤོས་ཤིག་རེད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱེད་པ་དང་། གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་ཀྱི་ཚད་བརྒལ་རྒྱུན་ཆད་མེད་པར་མངོན་འགྱུར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངོས་འཛིན་ཐད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་ཐད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ལག་ལེན་ཐད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐའ་མཇུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་ཡིན”ཞེས་གསལ་པོར་བཏོན་ཡོད། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་གཏན་འཁེལ་བྱས་པའི་སྐད་ཆ་ཞིག་ཡིན་ཞིང་། སྤྱིར་དོ་དམ་དང་རྩ་བར་དོ་དམ་བྱེད་པ་ཞིག་རེད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་ཐག་གཅོད་བྱེད་ཀྱི་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འབད་འཐབ་དམིགས་ཚད་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱེད་ཀྱི་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུཌ་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་འཕེལ་བར་བྱེད་ཀྱི་ཡོད། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་ཀྱི་ཡོད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ལྡན་ཡོད་ལ། རང་རྒྱལ་གྱི་རྒྱལ་བབ་ལ་གཞིཌ་པའི་ཁྱད་ཆོས་མངོན་གསལ་ལྡན་པ་སྟེ། གཅིག མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། གཉིས། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན། གསུམ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན། བཞི། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ལྔ། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་དེང་རབས་ཅན་བཅས་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་དང་བརྟན་པོའི་ངང་བསྐྱོད་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་འགྲོ་ལམ་འབའ་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནང་རྩ་བ་གཏིང་ཟབ་ཚུགས་པ་དང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་ངོ་བོ་མཚོན་པ། མིའི་རིགས་ཀྱི་ཕུལ་བྱུང་ཤེས་རིག་གི་གྲུབ་འབྲས་ཡོད་ཚད་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་པ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་པ། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་རྣམ་པ་དང་མི་འདྲ་བའི་རྣམ་པ་གསར་པ་མངོན་པ་བཅས་ཡིན་པས། དེ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་རྐྱང་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོ་ལ་ཧྲིལ་པོར་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཞིག་མཁོ་འདོན་བྱས་པ་དང་། ནུབ་ཕྱོགས་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་ཚད་བརྒལ་ཆེན་པོ་བྱས་པ་ཞིག་ཡིན་པས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། བརྒྱུད་རིམ་ལྡན་པའི་ཇུས་འགོད། ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། གཅིག་ནས་རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ་དབར་གྱི་འབྲེལ་བ་དང་། གཉིས་ནས་འཐབ་ཇུས་དང་ཐབས་ཇུས་དབར་གྱི་འབྲེལ་བ། གསུམ་ནས་གཞུང་འཁྱོངས་དང་གསར་འབྱེད་དབར་གྱི་འབྲེལ་བ། བཞི་ནས་ལས་ཆོད་དང་དྲང་གཞག་དབར་གྱི་འབྲེལ་བ། ལྔ་ནས་གསོན་ཤུགས་དང་སྒྲིག་ལམ་དབར་གྱི་འབྲེལ་བ། དྲུག་ནས་རང་ཚུགས་རང་སྟོབས་དང་ཕྱི་ཕྱོགས་སྒོ་དབྱེའི་དབར་གྱི་འབྲེལ་བ་བཅས་ཡིན།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་ལག་ལེན་གྱི་འཚོལ་ཞིབ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ང་ཚོའི་ངོས་འཛིན་དང་། སྲིད་ཇུས། བྱེད་ཐབས་བཅས་དོན་དངོས་ཀྱི་ཆོས་ཉིད་དང་སྔར་བས་མཐུན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་རིམ་བཞིན་བྱེད་དགོས།