འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་2ཉིན།

༄༅།།ཧོ་པེ་ཞུང་ཨན་ཁུལ་གསར་གྱིས་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་བྱེད་འགོ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་02ཉིན། 13:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་ཞུང་ཨན་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་28ཉིན། ཧོ་པེ་ཞུང་ཨན་ཁུལ་གསར་དུ་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ཁུལ་གསར་གྱི་ལས་དོན་སྡེ་ཚན་དང་ཡུག་ཁུལ་དོ་དམ་ཨུ་ལྷན་གྱི་ལས་དོན་སྒྲིག་གཞི་གཅིག་སྡུད་ཐོག་སྒོ་བྱང་བཀལ་བ་རེད། 2024ལོའི་ཟླ་12ཚེས་28ཉིན་ནས་བཟུང་། ལེགས་སྒྲིག་བྱས་རྗེས་ཀྱི་སྡེ་ཚན་ཁག་དང་ཡུག་ཁུལ་དོ་དམ་ཨུ་ལྷན་དངོས་སུ་སྒོ་བྱང་བཀལ་ནས་ལས་དོན་སྒྲུབ་འགོ་ཚུགས་པ་རེད།

   ཞུང་ཨན་ཁུལ་གསར་གྱི་སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་བྱེད་སྐབས་སྡེ་ཚན་ཆེ་བ་དང་། ལེབ་སྙོམས་ཅན། ཁུ་འདུས་ནུས་ཆེ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཏང་སྲིད་སྒྲིག་གཞི་ཕྱོགས་བསྡུས་ཐོག་བཙུགས་ནས་སྒྲིག་གཞིར་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བྱས་པ་རེད། ལེགས་སྒྲིག་བྱས་རྗེས་ཞུང་ཨན་ཁུལ་གསར་དུ་བསྡོམས་ལས་དོན་སྡེ་ཚན་21དང་ཡུག་ཁུལ་དོ་དམ་ཨུ་ལྷན་4བཙུགས་ཏེ། སློབ་གསོ་དང་སྨན་བཅོས་བྱ་གཞག་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས། སྲིད་འཛིན་ཞིབ་མཆན་དང་གྲོང་ཁྱེར་བཅོས་སྐྱོང་སོགས་ཐད་ཀྱི་སྒྲིག་གཞིའི་འགན་ནུས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། གསར་དུ་བསྐྲུན་པའི་ཡུག་ཁུལ་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། “ཁུལ་གསར་དང་ཡུག་ཁུལ”རིམ་གཉིས་དོ་དམ་དང་། “ཁུལ་གསར་དང་། ཡུག་ཁུལ། སྡེ་ཁུལ” བཅས་རིམ་གསུམ་ཞབས་ཞུ་ལག་ལེན་བསྟར་ཏེ། རུང་ཏུང་དང་། རུང་ཞི། ཙན་ཀང་། འགོ་འཛུགས་ཁུལ་བཅས་ཡུག་ཁུལ་བཞི་ཡི་དོ་དམ་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞིའི་འགན་ནུས་ལག་ལེན་བསྟར་ཡོད་པ་རེད།