འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་2ཉིན།

༄༅།།ས་ཡོམ་རིམ་པ་4.8བྱུང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་02ཉིན། 13:39】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་1ཚེས་2ཉིན་གྱི་ཆུ་ཚོད་10དང་སྐར་མ་01གི་ཐོག ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་38.40དང་ཤར་གྱི་གཞུང་ཐིག་ཏུའུ་106.22)དུ་ས་ཡོམ་རིམ་པ་4.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་10ཟིན་པ་རེད།