འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་31ཉིན།

༄༅།།ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་བརྙན་ཕབ་ལེགས་གྲུབ་བྱུང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་31ཉིན། 13:57】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་27ཉིན་གྱི་དགོང་མོར། ཨ་མདོ་བརྙན་འཕྲིན་གྱི་2025ལོའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་སྨི་གྲུ་བཞི་མ་1000ཅན་གྱི་འཁྲབ་སྟོན་ཚོམས་ཆེན་དུ་བརྙན་ཕབ་ལེགས་གྲུབ་བྱུང་།

     སྤྲོ་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་“བདེ་སྐྱིད་དཔལ་གྱི་གཞིས་ཁྱིམ”ཞེས་པ་ཡིན་ཞིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་ས་ཁུལ་སོ་སོའི་ཁྱད་ཆོས་ལྡན་པའི་ལེ་ཚན་འདུས་ཡོད་ཅིང་། ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་བ་400ལྷག་གིས་གར་སྟེགས་སུ་འཁྲབ་སྟོན་བྱས་ཏེ། གཟིགས་མོ་བ་ལ་རིག་གནས་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་རེད། ཨ་མདོ་བརྙན་འཕྲིན་གྱི་བོད་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ནི་1989ལོ་ནས་བཟུང་གཉེར་བ་དང་ད་བར་སྐབས་36སྤེལ་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བས་བོད་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།