འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་2ཉིན།

༄༅།།འདི་རུ་ཁ་བ་བབས་ཚད་ཧོ་སྨི་1800ལ་སླེབས་ཡོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་02ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་29ཉིན་ནས་བཟུང་། ཨ་རིའི་ཉིའུ་ཡོག་མངའ་སྡེ་ཡི་ས་ཁུལ་མང་པོར་ཁ་བ་ཆེན་པོ་བབས་པས་འགྲོ་ལམ་ཁག་ཅིག་སྒོ་བརྒྱབ་པ་རེད།

གནམ་གཤིས་སྔོན་བརྡ་གཏོང་མཁན་གྱིས་ཐ་ཚིག་བསྒྲགས་ནས་བཤད་དོན། ཟླ་12ཚེས་2ཉིན་བར་ཝོ་ཐེ་ཏུན་གྲོང་ཁྱེར་དང་ཨན་ཏ་ལུའེ་མཚེའུ་ཤར་ངོས་ཀྱི་ས་ཁུལ་གཞན་དག་ཏུ་ཁ་བ་འབབ་ཚད་ཧོ་སྨི་1200ནས་1800བར་ཟིན་སྲིད། སྔོན་དཔག་བྱས་ན། གཟའ་འཁོར་གང་བོར་ཁ་བ་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཁ་བ་འབབ་ཚད་ཧོ་སྨི་900ལ་སླེབས་རྒྱུ་རེད།

ཉིའུ་ཡོག་མངའ་སྡེ་ཡི་མངའ་སྡེ་དཔོན་པོ་ཁའེ་ཞི·ཧུའོ་ཁྲུའུ་ཨེར་གྱིས་གནོད་འཚེ་ཐེབས་པའི་རྫོང་དེ་གནོད་འཚེའི་ཛ་དྲག་ཆེ་བའི་གནས་སུ་གྱར་བ་དང་། མངའ་སྡེ་སྲིད་གཞུང་གི་འབྲེལ་ཡོད་སྒྲིག་གཞིས་ཐོན་ཁུངས་སྐོང་འཐེན་བྱས་ནས་རོགས་སྐྱོབ་བྱེད་ཆོག་པ་ཁྱབ་བསྒྲགས་བྱས།