འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་2ཉིན།

༄༅།།ཨུ་རུ་སུས་ཡུག་རེན་གྱི་མི་མེད་གནམ་གྲུ་45གཏོར་བའི་བརྡ་ཁྱབ་བཏང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་02ཉིན། 13:32】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཨུ་རུ་སུའི་རྒྱལ་སྲུང་པུས་ཟླ་11ཚེས་30ཉིན་བརྡ་ཁྱབ་བཏང་ནས། ཨུ་རུ་སུའི་མཁའ་དམག་དམག་གིས་ཡུག་རེན་དམག་གི་བཟོ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་དམག་སྤྱོད་གནམ་ཐང་དང་ནུས་རྒྱུའི་སྒྲིག་ཆས། དེ་བཞིན་ས་ཁུལ་132ཀྱི་ཡུག་རེན་དམག་གི་སྐྱེ་ལྡན་སྟོབས་ཤུགས་དང་དམག་དོན་སྒྲིག་ཆས་འདུས་ཡུལ་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད། ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་“སྐར་མ་མཚོ་རྒྱལ་”འཕུར་མདེལ་1དང་། མེ་ཤུགས་འཕུར་མདེལ་“ཧའེ་མ་སི”1བཀག་པ་དང་། མི་མེད་གནམ་གྲུ་45གཏོར་ཡོད་པ་རེད།

    ཉིན་དེར། ཡུག་རེན་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཆས་པུའུ་ཡིས་དམག་འཐབ་ཀྱི་གནས་འཕྲིན་སྤེལ་ནས། ཉིན་དེའི་ཕྱི་དྲོ་བར། དམག་འཐབ་ཁུལ་ཏུ་དམག་འཐབ་ཐེངས་153བྱས་ཤིང་། ད་དུང་སྔར་བཞིན་དམག་འཐབ་མང་པོ་བྱེད་བཞིན་ཡོད་ཅེས་བཤད་པ་རེད། ཡུག་རེན་རྒྱལ་སྲུང་པུའི་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གནས་འཕྲིན་སྤེལ་ནས་ཟླ་11ཚེས་29ཉིན་ཨུ་རུ་སུའི་ཁེ་ལི་མི་ཡར་ཡོད་པའི་ལེ་ཏ་ས་ཚིགས་གསུམ་ལ་ཡུག་རེན་དམག་དཔུང་གིས་འཇབ་རྒོལ་བྱས་ཡོད་ཅེས་བཤད།