གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་02ཉིན། 13:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས་2025ལོའི་ལོ་འཁོར་གྱི་གཞུང་ལས་པ་བསྡུ་བའི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཚེས་25ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31གི་གྲོང་ཁྱེར་248དང་རྒྱུགས་ར་101345རུ་དུས་གཅིག་ཏུ་བཏང་བ་དང་། ཁྱོན་རྒྱུགས་སྤྲོད་སློབ་མ་ཁྲི་298.2ཀྱིས་ཡིག་རྒྱུགས་མ་བཏང་གོང་མིང་ཐོ་བཀོད་ནས་གཏན་འཁེལ་བྱས་པ་དང་། མི་ཁྲི་258.6དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད། རྒྱུགས་ནང་ཞུགས་ཚད་86.7%ཙམ་ཟིན་པ་དང་། ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་རྒྱུགས་བསྡུའི་འཆར་གཞིའི་གྲངས་འབོར་གྱི་བསྡུར་ཚད་དེ་65:1ཙམ་ཟིན། རྒྱུགས་སྲུང་བ་དང་། སྐོར་ཞིབ་པ། ཡིག་རྒྱུགས་ལས་དོན་མི་སྣ་བཅས་མི་ཁྲི་26.3གྱིས་ཞབས་ཞུའི་འགན་སྲུང་བྱས་ཡོད་པ་རེད།