འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་28ཉིན།

༄༅།།ཨ་རིས་ཙུང་ཐུང་འདི་དང་འབྲེལ་བ་ཡོད་པའི་མི་སྒེར་ལ་བཀག་སྡོམ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་28ཉིན། 14:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་27ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསལ་བསྒྲགས་སྤེལ་ནས་ཨ་རིས་ཝེ་ནེ་རུའེ་ལ་ཡི་ཙུང་ཐུང་མ་ཏུའུ་ལུའོ་དང་འབྲེལ་བ་ཡོད་པའི་མི་སྒེར་ལ་བཀག་སྡོམ་དང་འཐུས་མཆན་བཀོད་པའི་ལག་ཁྱེར་ཚོད་འཛིན་བྱས་ཡོད་ཅེས་བཤད།

ཨ་རིའི་ནོར་སྲིད་པུའི་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་འཕྲིན་ལ་གཞིགས་ན། ཨ་རིས་ད་ཆ་མ་ཏུའུ་ལུའོ་དང་འབྲེལ་བ་ཡོད་པའི་མི་སྒེར་21ལ་བཀག་སྡོམ་བྱས་པ་དེའི་ནང་བདེ་འཇགས་དཔུང་སྡེའི་ཁོངས་མི་དང་ནང་ཤག་རིམ་པའི་དཔོན་རིགས་ཚུད་ཡོད། དུས་མཚུངས་སུ“ཝེ་ནེ་རུའེ་ལ་འགྲན་རྩོད་རང་བཞིན་དང་ཁོད་ཡངས་རང་བཞིན་གྱི་འདེམས་བསྐོའི་འཕེལ་རིམ་ལ་གཏོར་བཤིག་གཏོང་བའམ་དྲག་གནོན་བྱ་སྤྱོད་ནང་ཞུགས་པའི”མི་སྒེར་ལ་འཐུས་མཆན་འགོད་པའི་ཚོད་འཛིན་གསར་པ་ལག་བསྟར་བྱས་ཡོད།