འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་28ཉིན།

༄༅།།ལྕི་བའི་སྒྱུ་རྩལ་བརྩམས་ཆོས་འགྲན་བསྡུར་ཆེན་པོ་ཞིག་སྤེལ་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་28ཉིན། 14:02】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་ཉི་ཆུས་ཤ་མོ་ཤང་གདོང་སྦུག་གྲོང་ཚོའི་འབྲོག་པ་མང་ཚོགས་ཀྱིས་ལྕི་བའི་སྒྱུ་རྩལ་གསར་གཏོད་ཀྱི་འགྲན་བསྡུར་ཞིག་སྤེལ་བ་རེད།

    འབྲོག་པ་ལག་བདེ་ཚོས་སྒོ་འགྲམ་དུ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ལས་གྲུབ་པའི་ལྕི་བའི་ར་བ་བརྩིགས་ཅིང་སྤྱོད་གོ་ཆོད་ལ་མིག་ལའང་ཧ་ཅང་མཛེས་པས། རྩྭ་ཐང་གི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་རི་མོ་ལྟ་བུར་གྱུར་ཡོད།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

    མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་དང་བློ་རིག་ཡོན་ཏན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་གཏོད་ལ་སྐུལ་སྤེལ་གཏོང་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མང་ཚོགས་ཚོས་གྲོས་བསྡུར་བྱས་པ་བརྒྱུད། ད་ཐེངས་ཀྱི་ལྕི་བའི་སྒྱུ་རྩལ་གསར་གཏོད་ཀྱི་དཔྱད་འདེམས་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

    བྱེད་སྒོ་སྤེལ་རིང་། གྲོང་ཚོར་བཅའ་སྡོད་རུ་མི་དང་། གྲོང་ཚོའི་ལས་བྱེད་པ། གྲོང་མི་བཅས་ཀྱིས་མཉམ་དུ“ལྕི་བའི་སྒྱུ་རྩལ”གྱི་བརྩམས་ཆོས་ལ་སྐར་གྲངས་བརྒྱབ་ནས་དཔྱད་བསྡུར་བྱས་པ་རེད། ཨང་དང་པོར་སྐར་མ་5000ཐོབ་པ་དང་། ཨང་གཉིས་པར་སྐར་མ་4000…… སྐར་གྲངས་ལ་བརྟེན། བྱ་དགའ་ཐོབ་མཁན་གྱིས་གྲོང་ཚོའི“སྐར་གྲངས་སྒོ་རྩིས་ཚོང་ཁང”ནས་རང་འདོད་ལྟར་ཚོང་ཟོག་བརྗེས་ཆོག

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།

ལྕི་བའི་སྒྱུ་རྩལ་བརྩམས་ཆོས།