འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་24ཉིན།

༄༅།།ཞི་ཅིན་ཕིང་གིས་མོ་རོ་ཁོའི་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་24ཉིན། 13:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རང་རྒྱལ་དུ་ཕྱིར་ལོག་ཕེབས་པའི་ལམ་བར་དུ་ཁ་སཱ་པུའུ་ལན་ཁ་རུ་གནས་སྐབས་བབས་པ་རེད། མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པའི་བཀའ་མངགས་ལྟར། མོ་རོ་ཁོའི་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་དབུ་བཞུགས་བློན་ཆེན་ཨ་ཧོ་ནུའུ་ཧྲིས་ཆེད་མངགས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བར་བཅར་ནས་གནམ་ཐང་དུ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་མཛའ་བརྩེའི་གྲོས་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རང་རྒྱལ་དུ་ཕྱིར་ལོག་ཕེབས་པའི་ལམ་བར་དུ་ཁ་སཱ་པུའུ་ལན་ཁ་རུ་གནས་སྐབས་བབས་པ་རེད། མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པའི་བཀའ་མངགས་ལྟར། མོ་རོ་ཁོའི་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་དབུ་བཞུགས་བློན་ཆེན་ཨ་ཧོ་ནུའུ་ཧྲིས་ཆེད་མངགས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བར་བཅར་ནས་གནམ་ཐང་དུ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་མཛའ་བརྩེའི་གྲོས་མོལ་གནང་བ།

    འདི་ག་ཚགས་པར་ཁང་དུ་མོ་རོ་ཁོའི་གྲོང་ཁྱེར་ཁ་སཱ་པུའུ་ལན་ཁ་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་རང་རྒྱལ་དུ་ཕྱིར་ལོག་ཕེབས་པའི་ལམ་བར་དུ་ཁ་སཱ་པུའུ་ལན་ཁ་རུ་གནས་སྐབས་བབས་པ་རེད།

    མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པའི་བཀའ་མངགས་ལྟར། མོ་རོ་ཁོའི་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་དབུ་བཞུགས་བློན་ཆེན་ཨ་ཧོ་ནུའུ་ཧྲི་ཡིས་ཆེད་མངགས་གནམ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བར་བཅར་ནས་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

     ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ཧ་སང་དང་མཛའ་བརྩེའི་ངང་གྲོས་མོལ་གནང་བ་རེད།

     ཞི་ཅིན་ཕིང་གིས་རྒྱལ་རྒྱུད་འཛིན་མཁན་ཧ་སང་ལ་་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པར་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་རོགས་ཞུས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་རོ་ཁོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་ཕན་འབྲས་བཟང་པོ་ཐོན་པ། ཁྱབ་ཁོངས་ཁག་གི་འགྲོ་འོང་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། 2016ལོར་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ངས་ཁོང་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ནས་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོར་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་མོ་རོ་ཁོ་ཕྱོགས་དང་མཉམ་དུ་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ནས། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཧ་སང་གིས་རྒྱལ་པོ་མུའུ་ཧན་མོ་ཏེ་སྐུ་ཐོག་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་མོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་ཏོག་གསར་རིམས་ནད་ཐོན་རིང་། མོ་རོ་ཁོ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོ་རོ་ཁོའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། མོ་རོ་ཁོའི་རྒྱལ་པོ་ཚང་དང་སྲིད་གཞུང་གིས་མོ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་འགྲོ་འོང་རྒྱུན་འཁྱོངས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། རྒྱ་སྐད་དང་ཀྲུང་གོའི་རིག་གནས་ལ་མོ་རོ་ཁོའི་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། གནད་དོན་མང་པོའི་ཐད་མོ་ཀྲུང་རྒྱལ་ཁབ་གཉིས་པོའི་ལངས་ཕྱོགས་འདྲ་པོ་ཡོད་པས། མོ་རོ་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་དབར་རང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།