འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་23ཉིན།

༄༅།།ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་རྣམ་གཉིས་ཀྱིས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་23ཉིན། 15:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་རྣམ་གཉིས་ཀྱིས་པ་ཞི་ལི་ཡའི་ཙུང་ཐུང་ལས་ཤག་ལི་མིང་ཕོ་བྲང་དུ་གྲོས་མོལ་གནང་མཇུག་འགྲིལ་རྗེས་གསར་འགོད་པར་མཇལ་འཕྲད་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་རྣམ་གཉིས་ཀྱིས་པ་ཞི་ལི་ཡའི་ཙུང་ཐུང་ལས་ཤག་ལི་མིང་ཕོ་བྲང་དུ་གྲོས་མོལ་གནང་མཇུག་འགྲིལ་རྗེས་གསར་འགོད་པར་མཇལ་འཕྲད་གནང་བ།

     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པ་ཞི་ལི་ཡ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་རྣམ་གཉིས་ཀྱིས་པ་ཞི་ལི་ཡའི་ཙུང་ཐུང་ལས་ཤག་ལི་མིང་ཕོ་བྲང་དུ་གྲོས་མོལ་གནང་མཇུག་འགྲིལ་རྗེས་གསར་འགོད་པར་མཇལ་འཕྲད་གནང་བ་རེད།

     ཞི་ཅིན་ཕིང་གིས་བསྟན་དོན། དེ་ནི་ང་རང་ལོ་5སོང་རྗེས“གཅེས་སེམས་དང་རེ་བས་ཁེངས་པའི་ས་ཆ”འདིར་སླར་ཡང་སླེབས། འདི་གར་མ་ཡོང་གོང་ང་ལ་པར་ཙིར་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣའི་ཡི་གེ་མང་པོ་འབྱོར་བྱུང་། ཡི་གེའི་ནང་པར་ཙིར་མི་དམངས་ཀྱིས་ཀྲུང་པར་གྱི་མཛའ་གྲོགས་ལ་གཅེས་འཛིན་བྱེད་ལུགས་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་ལུགས་འཁོད་པས་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་གིན་ངས་ཙུང་ཐུང་ལུའུ་ལཱ་དང་མཛའ་ཞིང་བརྩེ་བ་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་པ་ཡིན། ངེད་གཉིས་ཀྱིས་ཀྲུང་པར་དབར་འབྲེལ་བ་བཙུགས་ནས་ལོ་50ཡི་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་མཉམ་དུ་ཕྱི་མིག་བལྟས་རྗེས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། གོ་ལ་ཧྲིལ་པོ་དང་། འཐབ་ཇུས་རང་བཞིན། ཕུགས་ཡུན་རང་བཞིན་བཅས་ཀྱི་ཤུགས་རྐྱེན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེ་ཞིག་ཏུ་གྱུར་པའི་ངོས་འཛིན་གཅིག་མཐུན་བྱུང་།

     ང་ཚོར་ཀྲུང་པར་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གསར་པ་བྱུང་ཞིང་དེའི་ནང་གི་གལ་ཆེ་ཤོས་ནི། ང་ཚོས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་དེ་བས་གཞུང་དྲང་གི་འཛམ་གླིང་དང་སྔར་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལའི་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་འཛུགས་པ་དང་ཆབས་ཅིག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་པར་ཙིར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུའི་ཐག་བཅད་པ་དེ་ཡིན། འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་མགྱོགས་མྱུར་འབྱུང་བའི་རྒྱབ་ལྗོངས་འོག དེ་ཐོག་ནས་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ་བཅས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་པར་གྱི་ཆོད་སེམས་མཚོན་པས། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱིས“རྫོགས་ལྡན་གྱི་ལོ་50”ཕྱི་མ་འཆར་བར་སྐུལ་འདེད་ཐེབས་ངེས་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་མིག་དཔེ་སྟོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་བྱེད་དབང་ཆེ་རུ་གཏོང་བར་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་ཡིན།

     ང་ཚོས་ངོས་འཛིན་གཅིག་མཐུན་བྱས་དོན། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རང་རང་སོ་སོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས། ང་ཚོས་ད་དུང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྣེ་ཁྲིད་དེ་སྲུང་སྐྱོང་དང་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་རང་འགུལ་ངང་ཕྲག་ཐོག་ཏུ་འཁུར་དགོས།

     ང་ཚོས་ངོས་འཛིན་གཅིག་མཐུན་བྱས་དོན། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཀྱི་ལས་དོན་ཆེན་པོ་ཡག་པོ་སྒྲུབ་དགོས་ཤིང་། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ནུས་རྒྱུ་ཕྱོགས་སྒྱུར་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། ལྗང་མདོག་གཏེར་ཐོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དུས་ཀྱིས་མི་མི་སྒུག་པའི་སེམས་ཤུགས་བསྐྱེད་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་དང་ཏན་ཏིག་ཡོང་བ་བཅས་བྱས་ཏེ། ཀྲུང་པར་རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བར་འདེགས་སྐྱོར་བྱེད་དགོས།

    ང་ཚོས་ངོས་འཛིན་གཅིག་མཐུན་བྱས་དོན། ཀྲུང་པར་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་མུ་མཐུད་མཉམ་ལས་དམ་ཟབ་བྱས་ནས། བཀྲེས་ལྟོགས་དང་དབུལ་ཕོངས་དང་། ས་ཁུལ་དབར་གྱི་གདོང་གཏུག གནམ་གཤིས་ཀྱི་འགྱུར་ལྡོག དྲ་རྒྱའི་བདེ་འཇགས་སོགས་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་ཀྲུང་པར་གྱི་ལེགས་སྐྱེས་གསར་པ་འབུལ་དགོས། སང་ལོ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་དངོས་སུ་གཉེར་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོས་པར་ཙིར་དང་དེ་བཞིན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྱི་འཛམ་གླིང་དེ་ཙམ་བརྟན་ལྷིང་མེད་ལ། ས་ཁུལ་མི་ཉུང་བར་དམག་འཁྲུག་ལངས་ནས་ཟང་ཟིང་ཆེན་པོ་ཡོད། མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པ་ཡིན་པས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་ཚེ། གཞི་ནས་ཁྱོན་ཡོངས་བདེ་འཇགས་ལྡན་པའི་ལམ་བུ་ཞིག་གཏོད་ཐུབ། ཀྲུང་གོ་དང་པར་ཙིར་གྱིས་མཉམ་འབྲེལ་ཐོག་ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་སེལ་རྒྱུའི་སྐོར་གྱི“ཐུན་མོང་གི་ངོས་འཛིན་ཁག་དྲུག”སྤེལ་བ་དང་འབྲེལ། གོ་ལ་ཧྲིལ་པོའི་འབྲེལ་ཡོད་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་ཡུག་རེན་གྱི་ཉམས་ཉེན་གྱི“ཞི་བདེའི་མཛའ་གྲོགས”ཚོགས་ཆུང་འཛུགས་རྒྱུའི་གྲོས་འགོ་ཡང་བཏོན་ཡོད། ང་ཚོས་ཞི་བདེར་གཞོལ་བའི་འབོད་སྒྲ་དེ་བས་མང་བ་གཅིག་ཏུ་བསྡུས་ཏེ། ཆབ་སྲིད་ཀྱི་རྣམ་པའི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་སེལ་ཆེད་ལམ་བུ་ཡག་པོ་ཞིག་འདིང་དགོས། ཅ་ཧྲའི་གདོང་གཏུག་རྒྱུན་ཆད་མེད་པར་ཛ་དྲག་ཏུ་ཕྱིན་པར་ང་ཚོར་སེམས་ཁྲལ་ཆེན་པོ་བྱུང་། དམག་མཚམས་གང་མགྱོགས་འཇོག་རྒྱུར་འབོད་སྐུལ་བྱས་ཏེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་གྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག རྒྱུན་མཐུད་བཅས་ཀྱིས་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན། ཀྲུང་པར་རྒྱལ་ཁབ་གཉིས་པོར་དྲང་བདེན་དར་སྤེལ་དང་བདེན་སེམས་འཛུགས་པའི་སྲོལ་རྒྱུན་དང་འགན་འཁྲི་འཁུར་སེམས་ཡོད། ཀྲུང་གོས་པར་ཙིར་དང་མཉམ་དུ་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་དུས་རབས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་དགོས་པ་ལས་དབུལ་ཕོངས་མི་དགོས་པ་དང་། མཉམ་ལས་དགོས་པ་ལས་ཁ་གཏད་དུ་མི་ལངས་པ། གཞུང་དྲང་དགོས་པ་ལས་བཙན་དབང་མི་ཤོད་པ་བཅས་ཀྱི་དུས་རབས་གསར་པའི་འབོད་སྒྲ་དྲག་པོ་མཉམ་དུ་བསྒྲགས་ཏེ། ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་འདོད་ཡོད།

     ལུའུ་ལཱས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ཁོང་གིས། པར་ཀྲུང་རྒྱལ་ཁབ་གཉིས་དབར་ས་ཐག་རིང་མོད། འོན་ཀྱང་རིན་ཐང་གི་འདུ་ཤེས་འདྲ་བ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཆེ་བ། མཛའ་གཅུགས་ཟབ་པ་བཅས་ཡོད་པས། པར་ཀྲུང་གི་མཉམ་ལས་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད་ལ་འཛམ་གླིང་གི་ཤུགས་རྐྱེན་ཡང་ཆེན་པོ་ཡོད། ཀྲུང་གོ་ནི་པར་ཙིར་གྱི་ཚོང་དོན་དང་མ་འཇོག་རོགས་ཟླ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་རུ་པར་ཙིར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔར་བས་གཞུང་དྲང་གི་འཛམ་གླིང་དང་སྔར་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལའི་པར་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་འཛུགས་པའི་བར་རིམ་སྤོར་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ། པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་དེ་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་སྦྲེལ་མཐུད་བྱས་ཏེ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ནུས་རྒྱུ་ཕྱོགས་སྒྱུར། འཇིག་རྟེན་འཕུར་སྐྱོད་སོགས་ལྟེ་བར་བྱས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུའི་གཏན་འཁེལ་ཡང་བྱས་པ་ཡིན། རྒྱལ་སྤྱིའི་འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་གནད་དོན་གལ་ཆེན་ཐད་པར་ཀྲུང་རྒྱལ་ཁབ་གཉིས་པོས་ཚད་མཐོའི་གཅིག་གྱུར་གྱི་ལངས་ཕྱོགས་འཛིན་གྱི་ཡོད། པར་ཙིར་གྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་འབྲེལ། “བཀྲེས་ལྟོགས་དང་དབུལ་ཕོངས་འགོག་རྒོལ་གྱི་གོ་ལ་ཧྲིལ་པོའི་མནའ་འབྲེལ”ནང་གཞན་གྱི་སྔོན་ལ་ཞུགས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་གྱི་འབྲེལ་གཏུག་མཐུན་སྦྱོར་སྔར་བས་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དར་སྤེལ་གཏོང་བ། དེ་བས་དྲང་གཞག་དང་། དམངས་གཙོ། འདྲ་མཉམ། རྒྱུན་མཐུད་ཆོག་པ་བཅས་ཀྱི་རྒྱལ་སྤྱིའི་མ་ལག་འཛུགས་པ། གླེང་མང་བའི་གནད་དོན་ཞི་བདེའི་ལམ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲིས་པར་ཀྲུང་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད་ཅེས་གསུངས་པ་རེད།