འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་22ཉིན།

༄༅།།ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་འགོ་ཚུགས་པར་
བརྙན་ལམ་ནས་རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་22ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་ཟླ་11ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་འགོ་ཚུགས་པར་བརྙན་ལམ་ནས་རྟེན་འབྲེལ་ཞུས་པ།

འདི་ནི་ཟླ་11ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་འགོ་ཚུགས་པར་བརྙན་ལམ་ནས་རྟེན་འབྲེལ་ཞུས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་འགོ་ཚུགས་པར་བརྙན་ལམ་ནས་རྟེན་འབྲེལ་ཞུས་གནང་བ་རེད།

     ཞི་ཅིན་ཕིང་གིས། མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ནས་མིའི་རིགས་ཀྱིས་འཛམ་གླིང་ཤེས་རྟོགས་དང་འཛམ་གླིང་སྒྱུར་བཀོད་བྱེད་ནུས་ཧ་ཅང་ཆེ་རུ་ཕྱིན་ཡོད།

    དུས་མཚུངས་སུ་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་རབ་དང་རིམ་པ་ཡང་ཕྲད་ཡོད། ང་ཚོས་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ནས་གསར་གཏོད་དེ་སྒུལ་ཤུགས་དང་པོར་བརྩི་བ་དང་། བདེ་འཇགས་དེ་མཐའ་ཚད་ཀྱི་བླང་བྱར་བརྩི་བ། ཀུན་ཕན་དེ་རིན་ཐང་གི་དོན་གཉེར་དུ་བརྩི་བ་བཅས་བྱས་ཏེ། དྲ་རྒྱའི་བར་མཐོངས་ཀྱི་གསར་གཏོད་འཕེལ་རྒྱས་དང་། བདེ་འཇགས་འཕེལ་རྒྱས། ཀུན་ཕན་འཕེལ་རྒྱས་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དེ་བས་ཉམས་དགའ་བའི“གྲངས་འཛིན་གྱི་འབྱུང་འགྱུར”ཕྱོགས་ལ་མཉམ་དུ་སྐྱོད་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་ཆ་འཕྲིན་གསར་བརྗེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་འགུལ་སྟངས་འཛིན་བྱས་ཏེ་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས། དྲ་སྦྲེལ་ལ་བརྟེན་ནས་མི་དམངས་དང་འཛམ་གླིང་ལ་དེ་བས་ཕན་བདེ་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

     དེ་ཉིན། ཀྲེ་ཅང་ཞིང་ཆེན་ཐུང་ཞང་གྲོང་ཁྱེར་ཝུའུ་ཀྲེན་དུ་2024ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“མི་རྩ་བར་འཛིན་པ་དང་རིག་ནུས་ལ་བརྟེན་ནས་གཤིས་བཟང་གཏོད་པའི་གྲངས་འཛིན་གྱི་འབྱུང་འགྱུར་ལ་འབད་—དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས”ཞེས་པ་དེ་ཡིན་ལ། དེ་ནི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱིས་གཙོ་གཉེར་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་འགན་ཁུར་བ་ཞིག་རེད།