འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་21ཉིན།

༄༅།།ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་21ཉིན། 09:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་དང་མཇལ་འཛོམས་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་དང་མཇལ་འཛོམས་གནང་བ།

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཤིན་པའོ་མུའུ་མོ་ཞི་ཁོའི་ལོ་རྒྱུས་ཐོག་གི་བུད་མེད་ཙུང་ཐུང་དང་པོར་གྱུར་བར་ཡང་བསྐྱར་རྟེན་འབྲེལ་ཞུས་པ་དང་། ཁོང་གིས། 2013ལོར་ངས་མོ་ཞི་ཁོར་འཚམས་འདྲི་བྱེད་སྐབས་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་བཞག་བྱུང་། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཀྱི་སྲོལ་རྒྱུན་ཡུན་རིང་ལྡན་པས་ཕྱོགས་གཉིས་པོས་རྒྱུན་ཆད་མེད་པར་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་། མཛའ་གྲོགས་རྒྱུན་མཐུད་བྱེད་པ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་ཚད་མཐོའི་གསབ་རེས་རང་བཞིན་ཡག་པོ་སྤྱོད་པ། དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་སྐབས་གསར་པར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་མོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་གནད་དོན་མང་པོར་འཛིན་པའི་ལྟ་སྟངས་འདྲ་པོ་ཡོད་ལ་འདུ་ཤེས་མཐུན་པས་ཕྱོགས་གཉིས་པོས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་གི་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་སྣོན་འདོད་ཡོད་ཅེས་གསུངས་པ་རེད།

    ཤིན་པའོ་མུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ཞལ་ཚོར་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྱིས་ང་ཚོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གདེང་འཇོག་གནང་བར་ང་རྦད་དེ་མོས་མཐུན་ཡོད། མོ་ཀྲུང་རྒྱལ་ཁབ་གཉིས་པོ་ས་ཐག་རིང་ན་ཡང་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། ཀྲུང་གོའི་ཁེ་ལས་མང་པོས་མོ་ཞི་ཁོ་རུ་ལས་སྒོ་གཉེར་བའི་ནང་མོ་ཞི་ཁོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་ཞུགས་པ་ཚུད་ཡོད། མོ་ཞི་ཁོར་རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ངང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ལ་བདེན་དཔང་ནུས་ལྡན་བྱས་པ་ཞིག་རེད། མོ་ཀྲུང་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པར་གཞོལ་བཞིན་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་པ་རེད།