འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་21ཉིན།

༄༅།།ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་20ཉིན། 17:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་མཇལ་འཛོམས་གནང་བ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔའི་འཛམ་གླིང་འདི་ཉིད་ཡམ་ཡོམ་དང་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྡེ་གཞི་གཙོ་བོ་ཡིན་པའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཡོད་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་འགན་འཁྲིའང་འཁུར་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་རོགས་ཟླའི་ངེས་གནས་རྒྱུན་འཛིན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། སྒོ་དབྱེ་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱས་ནས་ཀྲུང་དབྱིན་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་རྗེས་མ་ཐུན་མོང་ཐོག་རྩོམ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་རིག་གནས་དང་། རིན་ཐང་གི་འདུ་ཤེས། སྤྱི་ཚོགས་ལམ་ལུགས་བཅས་དབར་ཧེ་བག་ཡོད་ཀྱང་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པས་ཕྱོགས་གཉིས་པོས་དཔྱོད་ཤེས་དང་དོན་དངོས་ཀྱི་སྒོ་ནས་ཕར་ཕྱོགས་ཀྱི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱིན་འབྲེལ་བ་བརྟན་པོ་དང་། ཏན་ཏིག རྒྱང་རིང་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུའི་འགན་ལེན་བྱེད་དགོས། རྒྱལ་ཁབ་གཉིས་པོར་ཚོང་དོན་མ་འཇོག་དང་། དྭངས་གཙང་ནུས་རྒྱུ། དངུལ་རྩའི་ཞབས་ཞུ། སྨན་བཅོས་དང་དམངས་འཚོ་སོགས་ཁྱབ་ཁོངས་སུ་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་བར་མཐོངས་ཡོད་པས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས། ཕྱོགས་གཉིས་པོས་གླེང་མང་བའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་མི་ཐབས་རིག་ནུས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་འབུལ་དགོས།

    སི་ཐཱ་མོ་ཡིས་གསུངས་དོན། དབྱིན་ཀྲུང་དབར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ཡོད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་གལ་ཆེན་ཡོད། དབྱིན་ཀྲུང་དབར་གྱི་ཡུན་རིང་ལ་སྟོབས་དང་ལྡན་པའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་རེད། དབྱིན་ཇི་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཟོལ་མེད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཤེས་རྟོགས་ཟབ་ཏུ་བཏང་སྟེ་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ནོར་སྲིད་དངུལ་རྩ། འཕྲོད་བསྟེན་སྨན་བཅོས། སློབ་གསོ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཆེན་པོའི་ནང་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་རེ་བ་ཡོད། དབྱིན་ཀྲུང་གིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།