འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་21ཉིན།

༄༅།།ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་20ཉིན། 17:09】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་གཡོད་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ་རེད།

   ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཟླ་བཅུ་གཅིག་པར་ང་ཚོས་པེ་ཅིང་དུ་ཀྲུང་ཨོའི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་དང་། ཕྱོགས་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་སྐོར་ལ་འབྲེལ་གཏུག་གཏིང་ཟབ་བྱས་པ་ཡིན། ལོ་གཅིག་ལྷག་ཙམ་རིང་རྒྱལ་ཁབ་གཉིས་ཀྱི་རིམ་པ་ཁག་དབར་འབྲེལ་གཏུག་དང་འགྲོ་འོང་དམ་ཟབ་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ང་ཚོའི་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཀྲུང་ཨོ་དབར་རྩ་བའི་ཁེ་ཕན་ཐད་ཀྱི་གདོང་ཐུག་བྱུང་མྱོང་མེད་པས་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་མཐའ་འཁྱོངས་བྱས་ཚེ་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་དེ་བས་གནད་སྨིན་བརྟན་ལྷིང་དང་དེ་བས་གྲུབ་འབྲས་ཐོབ་པའི་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།

    ཞི་ཅིན་ཕིང་གིས་བསྟན་དོན། ཨོ་སི་ཁྲུ་ལི་ཡའི་ཁེ་ལས་250ལྷག་ཙམ་འདི་ལོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེ་ནི་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ“ཡིད་ཆེས་ཀྱི་སྤ་སེ”འཕངས་པ་ལྟ་བུ་རེད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྣམ་པ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ལ་ཨོ་སི་ཁྲུ་ལི་ཡར་མ་འཇོག་ལས་གཏོད་བྱ་རྒྱུའི་ལྕག་སྐུལ་ཡང་བྱེད་རྒྱུ་ཡིན། སླད་ཕྱིན་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་ཨོ་གཉིས་ཀ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཚོང་དོན་གྱི་རྒྱབ་སྐྱོར་པ་དང་སྲུང་སྐྱོང་པ་ཡིན་པས་ཕྱོགས་གཉིས་པོས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་ཁག་གིས་སྒོ་དབྱེའི་ཁྲོད་གོ་སྐབས་དང་ཁེ་ཕན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས།

    ཨར་པ་ཉི་སིས་གསུངས་དོན། ཨོ་ཀྲུང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་སྐབས་སུ་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། ན་ནིང་ཀྲུང་གོར་འཚམས་འདྲི་བྱས་ཚུན་ཨོ་ཀྲུང་འབྲེལ་བའི་ཐད་ཚོང་དོན་ཚུད་པའི་ཁྱབ་ཁོངས་ཁག་ལ་མི་རྣམས་ལ་སྐུལ་མ་ཐེབས་པའི་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ། “འབྲེལ་ཐག་གཅོད”རྒྱུར་ངོ་རྒོལ་དང་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། སླད་ཕྱིན་ཀྲུང་གོ་ཕྱོགས་དང་ནུས་རྒྱུ་ཕྱོགས་སྒྱུར་དང་གནམ་གཤིས་འགྱུར་ལྡོག་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོ་འཕེལ་རྒྱས་བྱུང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུན་རིང་བརྟན་ལྷིང་དང་འཕར་སྣོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ཀྲུང་གོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན། སླད་ཕྱིན་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད།

    ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད།