འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་20ཉིན།

༄༅།།ཀྲུང་གོ་དང་ཨ་རིས་གནད་དོན་འདི་དག་ཐད་གྲོས་མོལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་20ཉིན། 14:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་11པའི་ཚེས་17ཉིན། 2024ལོའི་ཀྲུང་གོ་དང་ཨ་རིའི་སྲིད་ཏང་གི་གླེང་མོལ་ཧྲིན་ཀྲིན་དུ་སྤེལ། ཕྱོགས་གཉིས་ཀས་“མཉམ་ལས་དང་འགྲན་སློང་སྟེ། གནས་བབ་གསར་པའི་འོག་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་མདུན་དུ་སྐྱོད་པའི་བགྲོད་ལམ་”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་སྤེལ་རེས་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ། དགེ་མཚན་ལྡན་པ་བཅས་བྱས། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་གླེང་མོལ་ནང་ཞུགས་པ་མ་ཟད། བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱི་པུའུ་ཨུད་དང་། ས་གནས་སྲིད་གཞུང་། མཐོ་རིམ་སློབ་གྲྭ། རིག་མཛོད་བཅས་ཀྱི་འཐུས་མི་དང་། དེ་བཞིན་ཨ་རིའི་དམངས་གཙོ་སྤྱི་མཐུན་ཏང་གཉིས་ཀྱི་འཐབ་ཇུས་ལས་རིགས་དང་ཁེ་ལས་ཀྱི་ལས་རིགས་མི་སྣ་སོགས་མི་གྲངས་50ལྷག་ཞུགས་ཡོད།

ཕྱོགས་གཉིས་ཀས་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དེ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་རེ་སྒུག་ཀྱང་ཡིན་པའི་ངོས་འཛིན་བྱས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀས་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་དང་། ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་འཚམ་པོ། གཉིས་ཕན་མཉམ་ལས་ཟབ་སྤེལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པར་སྐུལ་སྤེལ། འཛམ་གླིང་ཞི་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་བཅས་བྱ་དགོས་པའི་ངོས་འཛིན་བྱས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ནི་ཕྱོགས་མང་དང་རིམ་པ་མང་བ་ཞིག་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་བར་གྱི་འབྲེལ་བར་ངེས་གཏན་མེད་པའི་རང་བཞིན་མང་པོ་འཕྲད་པ་དང་། དུས་མཚུངས་སུ་སྲ་ཞིང་བརྟན་པའི་མཉེན་གཤིས་ཀྱང་ལྡན་པས། ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་གླེང་མོལ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུའི་མོས་མཐུན་བྱུང་ཡོད།