འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་19ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀཱ་ཟའི་ཐད་ལ་བརྡས་ཐག་གཅོད་རྒྱུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་19ཉིན། 13:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་19ཉིན་གྱི་ཕྱི་དྲོར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་མིན་མཁན་10ཡིས་མཉམ་དུ་འཆར་ཟིན་བཀོད་པའི་ཀཱ་ཟའི་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཆར་ཟིན་དེའི་ནང་སྔར་བཞིན་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་དམག་མཚམས་འཇོག་དགོས་པ་དང་འབྲེལ་མི་གཏའ་གློད་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ཕ་ལེ་སི་ཐན་གྱི་སྐྱབས་བཅོལ་པར་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་(ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་)ཡི་གལ་ཆེན་རང་བཞིན་ཡང་ནན་བཤད་བྱས་ཡོད།