འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་18ཉིན།

༄༅།།མི་96རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་18ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)སྨྱན་སྦྱོར་གཞུང་ལས་ཁང་གིས་ཚེས་17ཉིན་གསལ་བསྒྲགས་སྤེལ་གསལ་དུ། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཀཱ་ཟ་ས་ཁུལ་གྱི་བྱང་རྒྱུད་དང་དབུས་རྒྱུད་ཀྱི་ས་ཁུལ་མང་པོར་འབར་མདེལ་དབྱུགས་ནས་མི་96རྐྱེན་ལམ་དུ་ཤོར་བ་རེད།

གསལ་བསྒྲགས་ནང་། དབྱི་སི་རལ་དམག་དཔུང་གིས་ཀཱ་ཟ་ས་ཁུལ་གྱི་བྱང་རྒྱུད་གྲོང་ཁྱེར་དང་གྲོང་རྡལ་པའེ་ཐེ་ལ་ཞི་ཡ་དང་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐེ་ཡུལ་གྱར་བའི་སྒར་ས་དང་པུའུ་ལེ་ཅེ་ཡུལ་གྱར་བའི་སྒར་སའི་ཁང་པ་མང་པོར་འབར་མདེལ་དབྱུགས་ནས་ཁྱོན་མི་96རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་60ལས་བརྒལ་བར་རྨས་ཕོག་པ་དང་། མི་15གར་སོང་ཆ་མེད་དུ་གྱུར་ཡོད། གསལ་བསྒྲགས་ནང་འཁོད་དོན། འཇབ་རྒོལ་ཐེབས་པའི་ཁང་པའི་ནང་དུ་ཡུལ་གྱར་བ་ཡོད།

དབྱི་སི་རལ་དམག་དཔུང་གིས་གོང་གསལ་གྱི་གསལ་བསྒྲགས་ལ་ལན་མ་བཏབ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་16ཉིན་གསལ་བསྒྲགས་ནང་། དབྱི་སི་རལ་དམག་དཔུང་གིས་ཀཱ་ཟ་ས་ཁུལ་གྱི་བྱང་རྒྱུད་ཅེ་པ་ལི་ཡེ་དང་པའེ་ཐེ་ལ་ཞི་ཡ། ཀཱ་ཟ་ས་ཁུལ་གྱི་ལྷོ་རྒྱུད་ལཱ་ཧྥ་ས་ཁུལ་དུ་མུ་མཐུད་བྱ་སྤྱོད་སྤེལ་ནས། དྲག་ཆས་མི་སྣ་མང་པོ་བསད་པ་མ་ཟད་མཚོན་ཆ་འབོར་ཆེན་ཤེས་རྟོགས་བྱུང་ཞེས་བཤད་པ་རེད།

ཕ་ལེ་སི་ཐན་ཀཱ་ཟ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་16ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། ན་ནིང་ཟླ་10པར་ཕ་དབྱིའི་གདོང་གཏུག་གསར་པ་བྱུང་བ་ནས་བཟུང་། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བའི་ཁྲོད་ཕ་ལེ་སི་ཐན་གྱི་མི་ཁྲི་4.3ཤི་བ་དང་མི་ཁྲི་10.3ལ་རྨས་སྐྱོན་ཕོག་པ་རེད།