གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་18ཉིན། 14:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་17ཉིན་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་དོན། སྔོན་དཔག་བྱས་ན། ཚེས་19ནས་ཚེས་21ཉིན་བར། ཉིང་ཁྲི་དང་ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད་བཅས་སུ་ཁ་བ་ཆུང་བ་(ཆར་པ་)འབབ་རྒྱུ་དང་། ས་ཆ་ཁག་ཅིག་ལ་ཁ་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད། ལྷ་སའི་ཤར་རྒྱུད་དང་བྱང་རྒྱུད་བཅས་སུ་གནམ་འཐིབས་ནས་ཁ་བ་(ཆར་པ་)འབབ་རྒྱུ་རེད། ས་ཆ་ཁག་ཅིག་ལ་ཁ་བ་འབྲིང་བ་(ཆར་པ་)འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་ཉུང་བ་ནས་སྤྲིན་མང་རྒྱུ་རེད། ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་རེད།
ཚེས་22ནས་24ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད་བཅས་སུ་ཁ་བ་(ཆར་པ་)འབབ་རྒྱུ་དང་། ས་ཆ་ཁག་ཅིག་ལ་ཁ་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷ་སའི་ཤར་རྒྱུད། བྱང་རྒྱུད། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་ཁ་བ་(ཆར་པ་) འབབ་རྒྱུ། ས་ཆ་ཁག་ཅིག་ལ་གངས་འབྲིང་བ་(ཆར་པ་)འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་ཉུང་བ་ནས་སྤྲིན་མང་པོ་འཁོར་རྒྱུ་རེད།