འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་17ཉིན།

༄༅།།ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་གི་རྒྱ་ཡིག་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་17ཉིན། 12:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་གི་རྒྱ་ཡིག་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་མ་ཟད། ཁུང་ཙི་སློབ་གླིང་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཡང་ཞུས་པ་རེད།

ཞི་ཅིན་ཕིང་གིས། སྐད་ཆ་ནི་མིའི་རིགས་ཀྱི་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་དང་། ཤེས་དཔལ་རྒྱུན་འཛིན་བྱེད་པའི་གཞི་རྟེན། བསམ་ཤེས་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་བཅས་ཡིན། རྒྱ་ཡིག་ནང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཤེས་དཔལ་བློ་རིག་འདུས་ཡོད་པས། དེ་ནི་ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བའི་སྤྱི་པའི་རིག་གནས་ཀྱི་ཐོན་རྫས་གལ་ཆེན་ཞིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ཡིག་གི་སློབ་གསོ་ཡག་པོ་སྤེལ་བར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་ནི་ཕ་སྐད་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་འགན་འཁྲི་ཞིག་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རྒྱལ་སྤྱིས་རྒྱ་ཡིག་གི་སློབ་གསོ་སྤེལ་བར་ཚང་མའི་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་པ་ལས་སྒོ་དབྱེ་བསྟུན་མཁས་ཀྱི་ཡིད་དབང་འཕྲོག་ཤུགས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རིན་ཐང་། མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་བཅས་མངོན་ནས། ཀྲུང་གོ་དང་ཕྱི་རྒྱལ་བའི་ཐུན་མོང་གི་སེམས་ནུས་གཅིག་ཏུ་བསྒྲིལ་ཡོད། འཛམ་གླིང་གི་རྒྱ་ཡིག་ཚོགས་ཆེན་གྱིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་དང་། མཉམ་སྦྲེལ་མཉམ་འདྲེས་ལ་ཤུགས་སྣོན། ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་མཐུན་བཅས་ཡོང་བར་བྱས་ཏེ། གོ་བརྡ་སྤྲོད་ཐུབ་པའི་སྦྲེལ་ཟམ་དང་། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་པའི་སྦྲེལ་ཟམ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྦྲེལ་ཟམ་བཅས་ཧུར་ཐག་བསྐྲུན་ནས། ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

(ཟླ་ཕུར་གྱིས་བསྒྱུར། པ་ཚེས་ཞུས)