འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་17ཉིན།

༄༅།།ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡིས་བརྙན་ལམ་བརྒྱུད་ཆན་ཁའེ་གྲུ་ཁ་སྒོ་དབྱེ་བའི་མཛད་སྒོར་ལྷན་དུ་ཞུཌ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་17ཉིན། 12:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་རྣམ་གཉིས་ལི་མའི་ཙུང་ཐུང་ལས་ཤག་ཏུ་བརྙན་ལམ་བརྒྱུད་ཆན་ཁའེ་གྲུ་ཁ་སྒོ་དབྱེ་བའི་མཛད་སྒོར་ལྷན་དུ་ཞུགས་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་རྣམ་གཉིས་ལི་མའི་ཙུང་ཐུང་ལས་ཤག་ཏུ་བརྙན་ལམ་བརྒྱུད་ཆན་ཁའེ་གྲུ་ཁ་སྒོ་དབྱེ་བའི་མཛད་སྒོར་ལྷན་དུ་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་རྣམ་གཉིས་ཀྱིས་ལི་མའི་ཙུང་ཐུང་ལས་ཤག་ཏུ་བརྙན་ལམ་བརྒྱུད་ཆན་ཁའེ་གྲུ་ཁ་སྒོ་དབྱེ་བའི་མཛད་སྒོར་ལྷན་དུ་ཞུགས་པ་རེད།

ཞི་ཅིན་ཕིང་དང་པོ་ལུའུ་ཨར་ཐེས་རྒྱལ་ཁབ་གཉིས་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱི་འགན་འཁུར་བའི་གནས་ཚུལ་སྙན་སེང་གསན་རྗེས་ཆན་ཁའེ་གྲུ་ཁའི་རྣམ་གྲངས་ཀྱི་བརྙན་ལམ་ལྷན་དུ་གཟིགས་པ་རེད། རྣམ་གྲངས་སྐྲུན་ཡུལ་དུ་ཀྲུང་གོ་དང་ཕེ་རུ་ཕྱོགས་གཉིས་པོའི་འཐུས་མིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་གྲུ་ཁ་སྒོ་དབྱེ་བའི་ལས་དོན་སྤེལ་རྒྱུའི་དགོངས་སྐོར་སྙན་སེང་ཞུས་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བཀའ་བཀོད་གནང་ནས“གྲུ་ཁ་སྒོ་དབྱེ་རྒྱུའི”ཁྱབ་བསྒྲགས་གནང་བ་རེད།

ཆན་ཁའེ་གྲུ་ཁར་ཀྲུང་ཡོན་གྱི“ཕེ་རུའི་གྲུ་གཟིངས”དང“ཧྲང་ཧའེ་གྲུ་གཟིངས་གསར་པས”འདོན་འཇུག་ལས་ཀ་བྱེད་འགོ་ཚུགས་པ་དང“འཕུར་མཆོང་གྲུ་གཟིངས”ཀྱིས་དུང་བརྡ་གཏོང་བཞིན་རྒྱང་རིང་དུ་ཐོན་པ་དང་དོས་སྒམ་རླངས་འཁོར་བྲེལ་འཚུབ་ངང་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་རེད།

ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཤིས་ཚིག་བསྒྲོན་པ་རེད།

ཞི་ཅིན་ཕིང་གིས་ཆན་ཁའེ་གྲུ་ཁ་བདེ་བླག་ངང་སྒོ་དབྱེ་བར་རྟེན་འབྲེལ་ཞུས་པ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་འཛུགས་སྐྲུན་པས་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་དང་། སེམས་ཤུགས་གཅིག་སྒྲིལ། སྤུས་འབོར་གཉིས་ལྡན་བཅས་ཀྱི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱས་པར་གུས་བཀུར་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུངས་དོན། དུས་ཐུང་ལོ་འགའི་ནང་དེང་རབས་ཅན་གྱི་གྲུ་ཁ་ཞིག་འགྱིང་ངེར་ཐོན་པ་ནི་མི་རྣམས་སྙིང་སྟོབས་འཕེལ་བ་དང་མི་སེམས་འགུལ་བ་ཞིག་རེད། ཆན་ཁའེ་གྲུ་ཁ་དེ་ཆུའི་གཏིང་ཚད་རིང་བའི་གྲུ་ཁ་ཡག་པོ་ཞིག་ཡིན་པ་མ་ཟད། ལྷོ་ཨ་མེ་རི་ཁ་གླིང་གི་རིག་ལྡན་གྲུ་ཁ་དང་ལྗང་མདོག་གྲུ་ཁ་དང་པོ་དེའང་ཡིན། དེ་བསྐྲུན་རྗེས་ཕེ་རུར་ཕན་པ་མང་པོ་བསྐྲུན་རྒྱུ་དང་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་གཏོད་ནས་ཕེ་རུའི་སྐམ་ས་དང་རྒྱ་མཚོ་སྦྲེལ་མཐུད་དང་ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་སྦྲེལ་མཐུད་བྱེད་པའི་སྒོ་དབྱེའི་གནས་བབ་བརྟན་དུ་གཏོང་ཐུབ་རྒྱུ་རེད། ལོ་ངོ་2000ལྷག་ཙམ་གྱི་གོང་དུ་ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་ཚོས་གྲུ་གཡོར་བསྒྲེངས་ནས་རྦ་རླབས་འཇིགས་སུ་རུང་བ་གཤགས་ཏེ་ཤར་ནུབ་འབྲེལ་བའི་མཚོ་ཐོག་དར་གོས་ལམ་བུ་བཏོད་ཡོད། ལོ་500ལྷག་ཙམ་གྱི་གོང་དུ་ཕེ་རུའི་མེས་པོ་དབྱིན་ཅཱ་བས་དཀའ་ཉེན་ལ་མི་སྐྲག་པར་རི་མཐོ་གཡང་གཟར་བརྒལ་ཏེ་ཨན་ཏི་སིའི་རི་རྒྱུད་ཀྱི་ལྷོ་བྱང་འབྲེལ་བའི་དབྱིན་ཅཱ་གནའ་ལམ་བསྐྲུན་པ་རེད། ད་ཆའི་ཆན་ཁའེ་གྲུ་ཁ་དེ“དུས་རབས་གསར་པའི་དབྱིན་ཅཱ་གནའ་ལམ”གྱི་འགོ་འཛུགས་ས་གསར་པར་འགྱུར་བཞིན་ཡོད། “ཆན་ཁའེ་ནས་ཧྲང་ཧའེ་བར”ང་ཚོས་ད་ལྟ་དཔང་པོ་ཐུབ་པ་ནི་ཕེ་རུར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་ནུས་པ་ཐོན་པ་མ་ཟད། དུས་རབས་གསར་པའི་ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་གི་སྐམ་མཚོའི་བགྲོད་ལམ་གསར་པ་གཏོད་པ་ཞིག་ཀྱང་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཆན་ཁའེ་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ནས་སྐྱེལ་འདྲེན་ནུས་པ་དང་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བགྲོད་ལམ་གྱིས་ཟོག་འགྲེམས་ཀྱི་སྣེ་ཁྲིད་པ་དང་། ཟོག་འགྲེམས་ཀྱིས་དཔལ་འབྱོར་ཚོང་དོན་གྱི་སྣེ་ཁྲིད་པ། དཔལ་འབྱོར་ཚོང་དོན་གྱིས་ཐོན་ལས་ཀྱི་སྣེ་ཁྲིད་པ་བཅས་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོ་ཚུད་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་འགྲམ་གྱི་དཔལ་འབྱོར་སྒྲིག་གཞི་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ་ཕེ་རུ་དང་ཐ་ན་རྒྱ་ཆེའི་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་དར་རྒྱས་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱས་ནས་དེ་བས་རྒྱ་ཆེ་བའི་བར་མཐོངས་སུ་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་དེ་བས་མང་བ་ཡོང་བར་བྱེད་དགོས།

པོ་ལུའུ་ཨར་ཐེས་གསུངས་དོན། ཆན་ཁའེ་གྲུ་ཁ་སྒོ་དབྱེ་བ་ནི་ཕེ་རུ་མི་དམངས་ཡོངས་ཀྱི་སྤོབས་པ་ཆེ་ཤོས་ཀྱི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། ཕེ་ཀྲུང་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བརྗིད་ཆེའི་ལས་གྲྭ་དེ་ཐོག་ནས་ཕེ་རུས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་དང་ཚོང་དོན་ལྟེ་གནས་གཏོད་པའི་དམིགས་ཚད་ཕྱོགས་སུ་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་པ་དང་། ཕེ་རུ་དེ་ཉིད་ལ་ཏིང་མེ་གླིང་དང་ཨེ་ཤེ་ཡ་སྦྲེལ་མཐུད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ལ། ལ་ཏིང་མེ་གླིང་གཞི་གཅིག་ཅན་དང་དར་རྒྱས་གོང་འཕེལ་ཡོང་བར་ཡང་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད། གྲུ་ཁས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ནས་ཕེ་རུའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཕེ་རུའི་མི་དམངས་ཡོངས་ལ་བདེ་རྩ་་དེ་བས་ཆེ་བ་བསྐྲུན་རྒྱུ་རེད། ཀྲུང་གོས་ཕེ་རུར་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “ཆན་ཁའེ་ནས་ཧྲང་ཧའེ་བར”དང“དུས་རབས་གསར་པའི་དབྱིན་ཅཱ་གནའ་ལམ”གྱིས་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་མཉམ་འདྲེས་དང་མཛའ་གྲོགས་མི་རིགས་གཉིས་ཀྱི་མཛའ་གཅུགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་བསྐྲུན་རྒྱུ་རེད། ཀྲུང་གོ་ཁྲི་ལོར་བརྟན་པར་ཤོག ཕེ་ཀྲུང་གི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག

ཆན་ཁའེ་གྲུ་ཁ་ནི་ཕེ་རུའི་རྒྱལ་ས་ལི་མའི་བྱང་རྒྱུད་ཀྱི་སྤྱི་ལེ་80ཡི་སར་གནས་པ་དང་ཀྲུང་གོ་དང་ཕེ་རུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཤིག་རེད། གྲུ་ཁ་སྒོ་དབྱེ་རྗེས་ཀྲུང་གོ་དང་ཕེ་རུའི་དབར་གྱི་འགྲོ་གཅིག་མའི་མཚོ་ཐོག་སྐྱེལ་འདྲེན་དུས་ཚོད་ཉིན་23བར་ཐུང་དུ་ཕྱིན་ནས་ཟོག་འགྲེམས་མ་གནས་20%ཡན་གྲོན་ཆུང་ཐུབ་སྟེ། ལོ་ལྟར་ཕེ་རུར་ཐད་ཀའི་ལས་ཞུགས་གོ་སྐབས་8000ལྷག་ཙམ་གཏོད་རྒྱུ་རེད།

(བསོད་བདེ་གཞོན་པས་བསྒྱུར། བསོད་བདེ་གཞོན་པ་དང་བུ་ཁྲིད་ཀྱིས་ཞུས)

ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མའི་ཁ་ཡ་ཨེ་མཁའ་དམག་རྟེན་གཞིར་འབྱོར་སྐབས་ཕེ་རུའི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བཞིན་པ།

ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མའི་ཁ་ཡ་ཨེ་མཁའ་དམག་རྟེན་གཞིར་འབྱོར་སྐབས་ཕེ་རུའི་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བཞིན་པ།