གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་14ཉིན། 14:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྨ་ཆུའི་ཆུ་འགོའི་གླིང་ནི་གཙང་གསུམ་ཆུ་འགོའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་རིག་གནས་མངོན་པའི་སྐར་ཁུང་གི་གྲས་ཤིག་ཡིན་ལ། སའི་གོ་ལའི“གླིང་སྣེ་གསུམ་པའི”མཚོ་བོད་ས་མཐོའི་ལྟེ་བར་གནས་པས་རྨ་ཆུའི་ཆུ་འགོ་དང་འཛམ་གླིང་སྟེང་དུ་ས་མཐོའི་འདམ་རའི་མ་ལག་གཅིག་པུ་དེ་ཡང་ཡིན།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་9ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ཁུལ་དུ་བཅར་འདྲི་བྱེད་སྐབས། ཁུལ་ཁོངས་སུ་ཆུ་བོ་དང་མཚེའུ་མང་བ་དང་། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པ། འདམ་རའི་རྒྱ་ཁྱོན་ཆེ་བ། རྐྱང་དང་། གནའ་བ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་ཕུན་སུམ་ཚོགས་པ། རྩི་ཤིང་གི་རིགས་ཚོགས་དང་། ཉ་རིགས། དུས་བྱ་སོགས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་མཐོང་བྱུང་།
རྨ་ཆུའི་ཆུ་འགོའི་གླིང་ནི་གཙང་གསུམ་ཆུ་འགོའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་རིག་གནས་མངོན་པའི་སྐར་ཁུང་གི་གྲས་ཤིག་ཡིན་ལ། སའི་གོ་ལའི“གླིང་སྣེ་གསུམ་པའི”མཚོ་བོད་ས་མཐོའི་ལྟེ་བར་གནས་པས་རྨ་ཆུའི་ཆུ་འགོ་དང་འཛམ་གླིང་སྟེང་གི་ས་མཐོའི་འདམ་རའི་མ་ལག་གཅིག་པུ་དེ་ཡང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་། ལྷག་པར་དུ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཚུན་རྨ་ཆུའི་ཆུ་འགོའི་ཁུལ་གྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོང་གི་བླང་བྱ་གཞིར་བཟུང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི“དུད་ཚང་རེ་ལ་ལས་གནས་རེའི”སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་དང་། གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པའི་ལས་གྲྭ རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱས་ཡོད། “སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་དཔེ་སྟོན་ཁུལ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཆེད་དོན་བྱ་སྤྱོད་དང“ལྗང་ཕུབ”ཀྱི་ལྟ་སྐུལ་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་སྤེལ་ནས་ཁུལ་ཕྱི་ནང་གི་རྩྭ་ཐང་དང་། འདམ་ར། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་ལེན་བྱས་པ་རེད།
ལོ་མང་རིང་བཅོས་སྐྱོང་དང་སླར་གསོ་བྱས་པ་བརྒྱུད། རྨ་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་རྩ་གསོ་འཁྱོངས་ནུས་པ་དང་། སྔོ་ཁེབས་ཁྱབ་ཚད། འདམ་རའི་རྒྱ་ཁྱོན། སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་བཅས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད་པ་རེད།