འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་13ཉིན།

༄༅།།ཡུག་རེན་གྱིས་ཨུ་རུ་སུར་བཀག་སྡོམ་བྱ་རྒྱུ་བསྒྲཊ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་13ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་12ཉིན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཡུག་རེན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ལྷན་གྱིས་གོང་ཞུ་བྱས་པའི་ཨུ་རུ་སུ་དང་བྷེ་ཨུ་རུ་སུར་བཀག་སྡོམ་བྱ་རྒྱུའི་བཀའ་ཁྲིམས་ལ་མིང་རྟགས་བཀོད་པ་རེད། བཀག་སྡོམ་གྱི་བཀའ་ཁྲིམས་དེ་སྒྲིག་གཞི་102དང་མི་15དང་འབྲེལ་བ་ཡོད། དེའི་ནང་མཚོ་ནག་གྲུ་ཁའི་གྲོང་ཁྱེར་སའེ་ཝ་སི་ཐུའོ་པོའར་གྲོང་ཁྱེར་གྱི་གྲོང་སྤྱི་ལཱ་ཚེ་ཝོ་ཀྲ་ཡེ་ཧྥུ་ཚུད་ཡོད་པ་རེད།