འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་12ཉིན།

༄༅།།མཚོ་སྔོན་གྱི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་དངོས་སུ་དྲ་སྦྲེལ་གློག་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་12ཉིན། 13:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་ཚེས་8ཉིན་གཡང་འཁྱིལ་ཆུ་ཤུགས་གློག་ཁང་བཀོལ་སྤྱོད་བདག་སྐྱོང་མི་སྣས་གློག་ཁང་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།

འདི་ནི་ཚེས་8ཉིན་གཡང་འཁྱིལ་ཆུ་ཤུགས་གློག་ཁང་བཀོལ་སྤྱོད་བདག་སྐྱོང་མི་སྣས་གློག་ཁང་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་པ།

ཟླ་11ཚེས་8ཉིན། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་དང་པོ་ནས་དངོས་སུ་དྲ་སྦྲེལ་གློག་གཏོང་འགོ་ཚུགས་ཤིང་། གཡང་འཁྱིལ་ཆུ་ཤུགས་གློག་ཁང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁོངས་སུ་གནས་པ་དང་རྒྱལ་ཁབ་ཀྱིས་འཆར་འགོད་འཛུགས་སྐྲུན་བྱས་པའི་གཙོ་གནད་ཆུ་གློག་ལས་གྲྭ་དང་རྒྱལ་ཁབ་གློག་ཤུགས་མ་འཇོག་གི“ལོ་ལྔ་ཚན་བཅུ་བཞི་པའི”ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་120ཟིན་པ་དང་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་47.32ཟིན་གྱི་ཡོད་པ་རེད།

འདི་ནི་ཚེས་8ཉིན་པར་བརྒྱབ་པའི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་ཟུར་ཞིག་ཡིན་པ།

འདི་ནི་ཚེས་8ཉིན་པར་བརྒྱབ་པའི་གཡང་འཁྱིལ་ཆུ་ཤུགས་གློག་ཁང་གི་ཟུར་ཞིག་ཡིན་པ།