འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་6ཉིན།

༄༅།།དབྱི་སི་རལ་གྱི་འགོ་ཁྲིད་འདིའི་གོ་གནས་མེད་པར་བཟོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་06ཉིན། 14:17】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་5ཉིན་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཕྱོགས་བསྡུས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་5ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གསལ་བསྒྲགས་སྤེལ་ནས། རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེའི་གོ་གནས་མེད་པར་བཟོས་ཡོད་ཅེས་འཁོད་ཡོད། ད་ཆ་ཕྱི་འབྲེལ་པུའི་པུའུ་ཀྲང་ཁཱ་ཚེ་ཡིས་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་རྒྱུ་རེད།