འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་6ཉིན།

༄༅།།མཚོ་སྔོན་མཚོ་ནུབ་ཀྱིས་སྔོ་ལྗང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་06ཉིན། 13:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།

མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པའི་མཚོ་ནུབ་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ཐོན་ལས་མང་པོ་འཕེལ་རྒྱས་ཕྱིན་པ་སོགས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་ཕན་པ་དངོས་རེ་རེ་ལས་མཚོ་ནུབ་ཀྲོའུ་ཡི་གྲུབ་ཆ་ལེགས་སྒྲིག་དང་། གསོན་ཤུགས་འཕེལ་བ། བརྟན་བགྲོད་རྒྱང་འཁྱོལ་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མངོན་པ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གི་མཚོ་ནུབ་ཀྲོའུ་ཡི་ངར་ཤུགས་ཆེན་པོར་དཔང་པོ་ཡང་བྱས་ཡོད།

ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་ཁྲོད་མཚོ་ནུབ་ཀྲོའུ་ཡིས་ནུས་ཤུགས་ཡོད་རྒུ་བཏོན་ཡོད།

མང་ནེ་ཐེན་མང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིར་མཐོ་ཞིང་ཆེ་བའི་རླུང་གློག་འཕྲུལ་འཁོར་དང་འོད་ཤུགས་གློག་པང་སྔོན་པོ་མང་པོ་གྲལ་བསྟར་བསྒྲིགས་ཡོད་པ་དང་། མང་ནེ་ཐེན་མང་ལེང་ཧུའུ་མཚོའི་ཆན་ཝ་ཁྲི་150ཡི་གོང་ཁེའི་རླུང་འོད་ནུས་གསོག་གསབ་རེས་དཔེ་སྟོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་དུས་ཐེངས་དང་པོའི་ཆན་ཝ་ཁྲི་20ཡི་རླུང་གློག་དང་ཆན་ཝ་ཁྲི་10ཡི་འོད་ཤུགས་རྣམ་གྲངས་འཁོར་སྐྱོད་བརྟན་པོ་བྱེད་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ཚུན། མཚོ་ནུབ་ཀྲོའུ་ཡིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་ལས་བྱུང་བའི་འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱས་ཐོག ནུས་རྒྱུ་གཙང་མར་བརྟེན་ནས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་སྟེ། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། མིག་སྔའི་བར་མཚོ་ནུབ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་གློག་གཏོང་ཤུགས་ཆན་ཝ་ཁྲི་1908ཟིན་ཡོད་པ་རེད།

གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། མཚོ་ནུབ་ཀྲོའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྲིད་ཇུས་ཀྱི་མ་ལག་བཟོས་ནས་ཐོན་ལས་སྐྱེད་སྲིང་དང་། འཛུགས་སྐྲུན་ལ་དམ་འཛིན། ཞན་ཆ་སེལ་བ། ཞབས་ཞུ་སྟོབས་ཆེར་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ཐད་གཙོ་གནད་ཐོག་ཤུགས་བརྒྱབ་པས་2023ལོར་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཡོད་པ་རེད།

ཝུའུ་ལམ་རྫོང་གི་དོན་དངོས་དང་འཚམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱ་ཆེད། ས་གནས་དེ་གའི་རྩ་འཛུགས་སྡེ་ཚན་གྱིས་འགན་ནུས་གང་ལེགས་བཏོན་ཏེ་འདྲེ་ཚེར་མ་དང་ལི་གྲོ་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དཔེ་སྟོན་རྟེན་གཞི་འཛུགས་པ་དང་། སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ། སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད། 2023ལོའི་བར། རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1230.3དང་གྲོང་ཚོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་32ལྷག་ཟིན་ནས་ས་གནས་དེ་གའི་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

གྲོང་གསེབ་དར་རྒྱས་གཏོང་བར་རྩ་འཛུགས་ནི་འགན་ལེན་རེད། ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྒྱུད་རིམ་གྱི་ལྟ་བ་བརྟན་པོར་བཙུགས་ཐོག གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རིགས་དབྱེ་ནས་མཛུབ་ཁྲིད་དང་ཁྱབ་ཁོངས་དབྱེ་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པས། ཏང་རྩ་འཛུགས་མ་ལག་གི་ཕན་ནུས་དང་སྟོབས་ཤུགས་ཀྱི་ལེགས་ཆ་གང་ལེགས་མངོན་ཐུབ་ཡོད་པ་རེད།

“བྱང་གསུམ”འགོག་སྲུང་ནགས་ཚལ་ལས་གྲྭ་ལག་བསྟར་བྱས་ཚུན་དུ། ཝུའུ་ལམ་རྫོང་གིས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས“ནགས་ཚལ་འཚམ་སར་ནགས་ཚལ་བཟོ་བ་དང་། རྩྭ་འཚམ་སར་རྩྭ་འདེབས་པ། ས་རྒོད་འཚམ་སར་ས་རྒོད་དུ་བསྐྱུར་བ། སྡོང་ཐུང་སྡོང་རིང་མཉམ་འཛུགས”བཅས་ཀྱི་རྩ་དོན་ལྟར་ལྕང་སོན་བཀོད་སྒྲིག་དང་བཅོས་སྐྱོང་ལག་རྩལ་སོགས་ཀྱི་ཐད་སྐམ་ཤས་ཆེ་བའི་ཐང་རྒོད་ཅན་གྱི་ཁྱད་ཆོས་ལ་འཚམ་པའི་འགོག་བཅོས་ལག་རྩལ་དང་བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཐོག ལས་གྲྭར་བརྟེན་ནས་བྱེ་འཇགས་དང་། སྐྱེ་དངོས་བཏབ་ནས་བྱེ་འཇགས། ལྕགས་ར་བསྐོར་ནས་སྲུང་སྐྱོང་བྱེད་པ་བཅས་ཕན་ཚུན་ཟུང་འབྲེལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྟངས་སྤྱད་དེ། “བྱང་གསུམ”འགོག་སྲུང་ནགས་ཚལ་སོགས་ནགས་ལས་ཀྱི་གཙོ་གནད་ལས་གྲྭ་བདེ་བླག་ངང་སྤེལ་རྒྱུར་རིམ་བཞིན་སྐུལ་འདེད་བཏང་བ་རེད།

2023ལོའི་ཟླ་བཅུ་པར། སྐྱེ་ཁམས་ཁོར་ཡུག་པུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཁག་བདུན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཝུའུ་ལམ་རྫོང་ཚུད་ཡོད་པ་རེད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི“གསེར་གྱི་མིང་བྱང”དེའི་ཤུགས་སུ་ཝུའུ་ལམ་རྫོང་གིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་མཐའ་གཅིག་ཏུ་བསྲུངས་ནས། ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་པའི་དད་སེམས་དང་ཆོད་སེམས་མངོན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡིས་ཆོད་སེམས་དང་སྤོབས་སེམས་ཆེན་པོར་བརྟེན་ནས་རྗེས་ལུས་ཐོན་ནུས་དོར་བ་དང་ནུས་རྒྱུ་ཟད་གྲོན་ཆེ་ལ་སྦགས་བཙོག་མང་བའི་ཁེ་ལས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལྗང་མདོག་དང་། ཐཱན་ཉུང་། རེས་འཁོར་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་མཉམ་འགུལ་བཟང་པོ་ཡོང་བར་བྱས་པ་རེད།

གཞན་ཡང་། མཚོ་ནུབ་ཀྲོའུ་ཡིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། མིག་སྔའི་བར། ཀྲོའུ་ཡོངས་སུ་ནགས་ས་སྤྱི་ཆིང་645195.77དང་། རྩྭ་ས་སྤྱི་ཆིང་12091288.08 འདམ་ར་སྤྱི་ཆིང་1804700བཅས་ཡོད་པ་དང་རྩྭ་རྩི་ཤིང་ཁེབས་ཚད་45.38%ཟིན་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)