འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་4ཉིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུངས་དོན།

༄༅།།“ངེས་པར་དུ་རྩེ་རིམ་ཇུས་འགོད་དང་ཆུ་བརྒལ་ རྡོ་མྱུལ་གཉིས་ཟུང་འབྲེལ་བྱེད་དགོས”

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་04ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཉིན་བརྒྱ་སོང་རྗེས། ཟླ་10ཚེས་29ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆུ་བརྒལ་རྡོ་མྱུལ་བྱེད”ཅེས་པའི་རྒྱས་བཤད་དུམ་བུ་དེར་མི་རྣམས་ཀྱིས་བསམ་བློ་ཟབ་མོ་གཏོང་དགོས་པ་ཞིག་ཡོད།

    “མི་ལ་ལས་དུས་ཚོད་གང་ཞིག་ལ་སླེབས་ཡོད་དམ། ད་དུང་ཆུ་བརྒལ་རྡོ་མྱུལ་བྱེད་དགོས་སམ། དེ་ནི་བག་འཁུམ་དང་བློ་ཁོག་ཆུང་དྲག་པ་མ་རེད་དམ”ཞེས་ཤོད་ཀྱི་ཡོད།

     “རྒྱུས་མངའ་ཆེ་བའི་སྒྱུར་བཅོས་ནི་ཆུ་རྐྱལ་རྫིང་བུའི་ནང་གི་ཐིག་རྟགས་ལྟར་གང་ཞིག་ནི་ཆུ་གཏིང་རིང་པོ་མེད་ཁུལ་དང་གང་ཞིག་ནི་ཆུ་གཏིང་རིང་ཁུལ་ཡིན་པ་བལྟས་པ་ཙམ་གྱིས་རྟོགས་ཐུབ། དྲག་ཏུ་རྒྱུག་པའི་ཆུ་བོ་སྒྲོལ་སྐབས། ཆུ་བརྒལ་རྡོ་མྱུལ་བྱེད་མི་རུང་ངམ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་སོང་ཡང་ད་ཆ་གནད་དོན་ཚང་མ་གསལ་པོ་བྱུང་བ་ཤོད་མི་ཐུབ། གལ་ཏེ་གནད་དོན་ཚང་མ་གསལ་པོ་ཡོད་ན་ད་དུང་སྒྱུར་བཅོས་བྱེད་དགོས་དོན་ཡོད་དམ”

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅིས་ཀོང་ཏུང་ལ་རྟོག་ཞིབ་ཐེངས་དང་པོ་གནང་སྐབས། “སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་སྐབས་སུ་ཆུ་བརྒལ་རྡོ་མྱུལ་བྱེད་དགོས་ངེས་ཡིན་ལ་ད་ཆ་ཆུ་བརྒལ་རྡོ་མྱུལ་བྱེད་དགོས་ངེས་ཡིན་པ་སྨོས་མེད་རེད”ཅེས་གསལ་སྟོན་གནང་ཡོད།

    འགག་རྩའི་བྱེད་ཐབས་ཡོད་དགོས་ལ། སྤྱི་ཡོངས་ཀྱི་འཆར་འགོད་ཀྱང་ཡོད་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དེ་ནི་སྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བ་གལ་ཆེན་ཞིག་ཡིན་ལ། ང་ཚོར་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པ་དེ་ནི“རྩེ་རིམ་ཇུས་འགོད་དང་ཆུ་བརྒལ་རྡོ་མྱུལ་གཉིས་ཟུང་འབྲེལ་བྱེད་དགོས”ཞེས་པ་དེ་རེད། དེ་གཉིས་ཟུང་འབྲེལ་བྱས་ནས་མངོན་པ་ནི་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞིའི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཞིག་ཡིན་པ་དེར་དོན་དངོས་ཀྱི་སྟོན་ཕྱོགས་མང་པོ་ལྡན་ཡོད།

     དེ་ནི་འཛམ་གླིང་གི་གནས་ཚུལ་དང་རྒྱལ་བབ་ལ་བརྟག་དཔྱད་བྱས་པ་ལས་བྱུང་བ་ཞིག་རེད། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཚོལ་ཞིབ་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས་ད་དུང་རྟོགས་དཀའ་བའི་ཁྱབ་ཁོངས་མང་པོ་ཡོད” དཔེར་ན། པེ་ཅིང་གི་རྒྱལ་སའི་ཁྱད་ནུས་མིན་རིགས་གསེད་བཀྲོལ་བྱེད་པ་དང་། ཞུང་ཨན་ཁུལ་གསར་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ། དེང་རབས་ཅན་གྱི་གྲོང་ཁྱེར་གསར་པ་ཡན་ཀྲའོ་ཡི་ས་གཞི་ཆེན་པོར་འགྱིང་ངེར་གནས་པ་བཅས་ཚང་མ་ནི་སྔར་བྱུང་མྱོང་མེད་པའི་གསར་གཏོད་ཅིག་རེད།

    དེ་ནི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ཀྱི་རྣམ་པ་གསར་རྐྱང་གནད་འཁེལ་སྟངས་འཛིན་བྱས་པ་ལས་བྱུང་བ་ཞིག་རེད། 2013ལོར་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་པ་ནས་ད་བར་རྒྱལ་ཡོངས་སུ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་22བར་མང་དུ་ཕྱིན་པའི་བར་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། གཅིག་སྡུད་ངང་ས་ཁོངས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་9འཚོགས་པ་དང་ཁུལ་ཁོངས་གཅིག་ལ་གཅིག་མཐུད་ཀྱི་སྒྱུར་བཅོས་འཚོལ་ཞིབ་བྱས་ཏེ་ཕན་ཚུན་འབྲེལ་མཐུད་དང་ཡུག་སྦྲེལ་ཐུབ་ཡོད་ལ། སྒྱུར་བཅོས་ཐད་ཆ་ཤས་འཚོལ་ཞིབ་དང་དཀའ་གནད་ལས་སྒྲོལ་བ་ནས་མ་ལག་འདུས་གྲུབ་དང་ཕྱོགས་ཡོངས་ཟབ་གཏོང་བར་གྱི་འགྱུར་ལྡོག་བྱུང་བ་དང་། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་ལམ་ལུགས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་བཙུགས་ཏེ་ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་། བརྒྱུད་རིམ་རང་བཞིན་གྱི་བསྐྱར་སྒྲིག སྤྱི་ཡོངས་རང་བཞིན་གྱི་བསྐྱར་བཙུགས་བཅས་མངོན་འགྱུར་བྱུང་བ་དེ་ནི་གོམ་པ་རེ་རེ་བཞིན་མདུན་སྐྱོད་བྱས་པ་ལས་བྱུང་བ་ཞིག་རེད།

    སློབ་འགོ་ཚུགས་པའི་མཛད་སྒོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚིག་རྐང་གཉིས་བཏོན་གནང་བ་སྟེ།

གཅིག་ནི“ཕྱོགས་གཉིས་མཉམ་སྤྱོད”ཅེས་པ་དེ་རེད།

     ལག་ལེན་དང་། ཤེས་རྟོགས། སླར་ཡང་ལག་ལེན། སླར་ཡང་ཤེས་རྟོགས་བཅས་བྱེད་པའི་བརྒྱུད་རིམ་དེ་ཡང་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བར་གྱི་བརྒྱུད་རིམ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས“གདེང་ཚོད་ཡོད་པ་དང་བསམ་གཞིག་ཞིབ་ཚགས་བྱས་རིགས་རྩེ་རིམ་ཇུས་འགོད་བྱེད་དགོས། སེམས་ནང་གདེང་ཚོད་མེད་པ་དང་བྱང་ཆུབ་པོ་མེད་ན། ཆུ་བརྒལ་རྡོ་མྱུལ་བྱེད་དགོས། དོན་དེ་གཉིས‘ཕྱོགས་གཉིས་མཉམ་སྤྱོད’བྱེད་དགོས”ཞེས་མཛུབ་སྟོན་གཏིང་ཟབ་གནང་ཡོད།

     སྒྱུར་བཅོས་ནི་དཔོག་དཀའ་བའི་འཚོལ་ཞིབ་ཅིག་ཡིན། “ཕྱོགས་གཉིས་མཉམ་སྤྱོད”ཀྱི་སྤྱི་འདོམས་ནང“ཤེས་པ”དང“སྤྱོད་པའི”མཐུན་སྦྱོར་འདུས་ཡོད། གཏན་ལ་འཁེལ་ཚེ“བློ་ཐག་ཆོད་པོས་སྐུལ་འདེད་གཏོང་དགོས” “གཏན་འཁེལ་མེད་པ་དང་ངེས་པར་དུ་ཚད་བརྒལ་བྱེད་དགོས་རིགས”རྐང་འཁུམ་ལག་འཁུམ་བྱེད་མི་རུང་ལ། མུན་འཐོམ་ངང་སྤེལ་མི་རུང་། ལོ་འདི་དག་ནང་། སྒྱུར་བཅོས་གལ་ཆེན་རབ་དང་རིམ་པ་ཚོད་ལྟ་དང་འཚོལ་ཞིབ་བྱས་པ་བརྒྱུད། ལད་མོ་ཆོག་པའི་ཉམས་མྱོང་གྲུབ་ཡོད་ལ། ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་སུ་མཐོར་འདེགས་བྱུང་ནས་མཐར་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དེ་ནི“རྒྱལ་ཁ་ཆུང་ངུ་ནས་རྒྱལ་ཁ་ཆེན་པོ་ལེན་པའི་བར་གྱི་བརྒྱུད་རིམ་ཞིག་ཡིན”

གཉིས་ནི“སྔོན་འཛུགས་རྗེས་གཏོར”ཞེས་པ་དེ་ཡིན།

    སྒྱུར་བཅོས་ནི་རྙིང་གཏོར་གསར་འཛུགས་ཀྱི་བརྒྱུད་རིམ་ཞིག་ཡིན། ལོ་རྒྱུས་དུས་སྐབས་དེར་སླེབས་སྐབས་གཏོར་དང་འཛུགས་སྐོར་གྱི་སྔོན་འགྲོའི་གོ་རིམ་ཐད་རྩེ་རིམ་ཇུས་འགོད་དང་འབྲེལ་བ་ཡོད་ལ། ཆུ་བརྒལ་རྡོ་མྱུལ་གྱི་གོ་རིམ་དང་ཡང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ལམ་ལུགས་འཛུགས་སྐྱོང་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཏོར་འཛུགས་མཉམ་སྤེལ་དང་སྔོན་འཛུགས་རྗེས་གཏོར་དེ་བས་མངོན་པར་བྱེད་དགོས། སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་ཚང་མར་རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཉེན་ཁར་ཚོད་སྐོར་གཏིང་ཟབ་བྱས་ནས་དུས་ཚོད་དང་། ཚད་རན་པོ། ཕན་འབྲས་བཅས་ལ་སྟངས་འཛིན་ཡག་པོ་བྱེད་དགོས། འཛུགས་དགོས་རིགས་རང་འགུལ་ངང་ཧུར་ཐག་འཛུགས་དགོས་ལ། བརྟན་པོ་འཛུགས་ཐུབ་པ་དང་། སྤྱོད་ཐུབ་པ། སྤྱོད་གོ་ཆོད་པ་བཅས་བྱེད་དགོས། གཏོར་དགོས་རིགས་འཛུགས་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་གཏོར་བ་དང་། མཐའ་གཅིག་ཏུ་གཏོར་བ། གཙང་མ་གཏོར་བ་བཅས་བྱས་ཏེ། གཏོར་འཛུགས་གཅིག་གྱུར་ཁྲོད་སྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་ཤིང་བརྟན་པོ་ཡོང་བར་བྱེད་དགོས”ཞེས་གསལ་པོ་གསུངས་ཡོད།

    “རྩེ་རིམ་ཇུས་འགོད་དང་ཆུ་བརྒལ་རྡོ་མྱུལ་ཟུང་འབྲེལ་བྱེད་པ”དེ་ལམ་ལུགས་རེ་རེ་དང་ཁྱབ་ཁོངས་རེ་རེ་ནས་མཐོང་ཐུབ་པར་བྱེད་དགོས་ལ། དེ་བས་ཀྱང“ཀྲུང་ཧྭ་མི་རིགས་ཀྱིས་བསགས་པའི་ནུས་པའི”སྟོབས་ཤུགས་ཀྱི་མིག་རྒྱང་ནས་སྟངས་འཛིན་བྱེད་དགོས།

     སྒྱུར་བཅོས་ཀྱི་མཉམ་ཤུགས་ནི་གོང་འོག་ཀུན་སེམས་གཅིག་སྒྲིལ་ལས་བྱུང་བ་ཞིག་ཡིན།

     “སྒྱུར་བཅོས་ཀྱི་བྱ་གཞག་ནང་ཚང་མ་ཞུགས་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སུ་ཕྱག་ལས་གནང་སྐབས་རྟག་ཏུ་ཚང་མར། ང་ཚོ་གཞུང་ལས་ཁང་དུ་བསྡད་ནས་རང་སྣང་གང་དྲན་བྱས་ན་སྒྱུར་བཅོས་བྱེད་མི་ཐུབ་ཅེས་བཀའ་སློབ་གནང་གི་ཡོད། དེ་སྔོན་ཧྥུའུ་ཅན་དུ་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་དང་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལག་ལེན་བསྟར་བ་དེ་མི་དམངས་མང་ཚོགས་ཀྱི་གསར་གཏོད་དང་གསར་སྐྲུན་ལས་བྱུང་བ་ཞིག་རེད། ལོ་གསུམ་ལྷག་ཙམ་གྱི་གོང་དུ་དེ་གར་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཚོར་སྣང་ཟབ་མོས“མང་ཚོགས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས” “ང་ཚོས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད།

     “འགག་སྒྲོལ”གྱི་སྙིང་སྟོབས་དང་། “གསར་གཏོད”ཀྱི་ངར་ཤུགས། “ལས་བརྩོན”གྱི་སྤྱོད་ཚུལ་བཅས་ནམ་ཡང་མི་ཉམས་པར་བྱ་ཆེད། སྤྱི་ཁྱབ་ཧྲུའུ་ཅིས“གཞན་གྱི་སྔོན་དུ་སྐྱོད་ཕོད་པ”དེ་བས་མང་བ་ཐོན་རྒྱུའི་ཐུགས་རེ་གནང་ཞིང་། “སྡིག་སྲིན་ཟ་མཁན་དང་པོས་ཀྱང་ལེགས་སྐྱེས་ཕུལ་ཡོད”པ་དང་། ཀྲུང་གོའི་འབྲུ་རིགས་ལ“ལོ་ཉི་ཤུ་བསྟུད་མར་ལོ་ལེགས་བྱུང་བ” ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་རྒྱལ་ནང་དུ་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་400ལས་བརྒལ་བའི་རྒྱལ་ཁབ་ཐོག་མར་གྱུར་བ། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་དགུ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། མྱུར་བགྲོད་ལྕགས་ལམ་དང་། ཡུལ་སྐོར་མཚོ་གྲུ གནམ་གྲུ་ཆེན་པོ། བར་སྣང་ས་ཚིགས་སོགས་ས་གཞི་ཆེན་མོར་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བཞིན་ཡོད།

    སྒྱུར་བཅོས་ཀྱི་མཉམ་ཤུགས་ནི་ཕྱོགས་ཁག་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ་ལས་བྱུང་བ་ཞིག་ཡིན།

    ཀྲུང་གོ་གུང་ཁྲན་ཏང་ནི་ཕུགས་ཇུས་འདིང་མཁས་པའི་སྲིད་ཏང་ཞིག་ཡིན། “ང་ཚོས་དུས་ཚོད་ལ་གོ་བ་ལེན་སྟངས་ནི་ལོ་བཅུ་དང་ལོ་བརྒྱ་ལ་དམིགས་པ་ཞིག་མིན་པར་ལོ་བརྒྱ་དང་ལོ་སྟོང་ལ་དམིགས་པ་ཞིག་ཡིན”ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ཇུས་འགོད་བྱས་པ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྤྱིའི་བཀོད་སྒྲིག་དང་སྤྱིའི་རྩ་འཛིན་གཏན་འཁེལ་བྱས་པའི་བར། རྩེ་རིམ་ཇུས་འགོད་ཀྱིས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་དམིགས་ཏེ་བརྗིད་ཆེའི་འཆར་གཞི་བཀོད་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་འཁྱོངས་གསར་འབྱེད་དེ“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ངེས་པར་དུ་སྟངས་འཛིན་ནན་པོ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་རྩ་དོན་གལ་ཆེན”དུ་བཞག་ནས་དེ་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་། “གཞུང་འཁྱོངས་བྱས་ཚེ་གཞི་ནས་གསར་འབྱེད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པ་དང་། རྒྱུན་མཐུད་གསར་འབྱེད་བྱས་ཚེ། གཞི་ནས་དེ་བས་ལེགས་པའི་སྒོ་ནས་གཞུང་འཁྱོངས་ཐུབ་པའི”ངོས་འཛིན་གནང་ཡོད། ལོ་རྒྱུས་ཀྱི་སློབ་དེབ་ནས་བློ་གྲོས་བསྡུ་ལེན་བྱེད་མཁས་པའི་ཀྲུང་གོ་གུང་ཁྲན་ཏང་མིས“སྒྱུར་བཅོས་ནི་དར་ཆ་བརྗེ་སྒྱུར་ཞིག་མིན། ང་ཚོས་སྒྱུར་བཅོས་ཁྲོད་ངེས་པར་དུ་གནད་དོན་ཞིག་མཐའ་འཁྱོངས་བྱེད་དགོས་པ་སྟེ། སྒྱུར་བཅོས་བྱེད་དགོས་རིགས་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་སྒྱུར་བཅོས་བྱེད་མི་དགོས་པའི་རིགས་སྒྱུར་བཅོས་མི་བྱེད་པའི”ཤེས་རྟོགས་གཏིང་ཟབ་ཐུབ་ཡོད།