འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་1ཉིན།

༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་ཞུ་བྱས་པས་མི་ཐེངས་དུང་ཕྱུར་17ལ་ཕན་པ་ཐོབ་པ།

ཞིང་ཆེན་སྒྲོལ་བའི་དྲ་སྦྲེལ་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ཁྲི་8.67མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་01ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་ཞུ་བྱེད་ཚད་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་སྟེ། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་མི་ཐེངས་དུང་ཕྱུར་1.7ལ་ཕན་པ་ཐོབ་པ་དང་སྨན་རིན་སྔ་རྟིང་སྤྲོད་ཚད་སྒོར་དུང་ཕྱུར་1429.69ཉུང་དུ་ཕྱིན་པ་དེ་2023ལོའི་དུས་མཚུངས་ལས་101.14%དང་29.37%སོ་སོར་འཕར་ཡོད།

    ཞིང་ཆེན་སྒྲོལ་བའི་དྲ་སྦྲེལ་དམིགས་བཙུགས་སྨན་བཅོས་སྒྲིག་གཞིའི་ཁྱབ་རྒྱ་སྔར་བས་ཆེ་རུ་སོང་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་སྒྲོལ་བའི་དྲ་སྦྲེལ་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ཁྲི་63.71ཟིན་པ་དེ་2023ལོའི་ལོ་མཇུག་ལས་ཁྲི་8.67འཕར་ནས་འཕར་ཚད་15.75%ཟིན་ཡོད།